བདེ་ཆེན་མཐོ་སྒང་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་བསུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཨོ་རྩལ་འགྲན་ཚོགས་འཚོགས་ལ་ཉེ་བའི་ཉིན་འདི་དག་ལ་རྟེན་འབྲེལ་བཟང་བོ་ཞིག་གིས་བདེ་ཆེན་མཐོ་སྒང་ལ་བསྟུད་མར་ཁ་བ་བབས་བྱུང་ལ། དགུན་དུས་ཨོ་རྩལ་འགྲན་ཚོགས་ལྟ་བུའི་དམིགས་བསལ་གྱི་དུས་འདིར་བདེ་ཆེན་གྱི་ས་གནས་མང་ཚོགས་ཀྱིས་ཀྱང་ཁངས་ཞུད་འདོག་པ་དང་དར་ཞུད་འདོག་པ། ཁངས་མི་བཟོ་བ་སོགས་རྩེད་རིགས་ཀྱི་རྣམ་པའི་སྒོ་ནས་ཨོ་རྩལ་འགྲན་ཚོགས་བསུས་པ་རེད།

    ཉེ་ཆར། ནགས་ལྕོག་རི་འདབས་དང་ནགས་ཕག་མཚོ་མཐའ། དེ་མིན་རྫོང་ཁག་གཞན་པ་སྟེ་འཇོལ་རྫོང་དང་འབའ་ལུང་སོགས་ཀྱི་ས་གནས་མང་ཚོགས་ཀྱི་རྒན་གཞོན་ཕོ་མོ་དབྱེར་མེད་ཀྱིས་རང་འགུལ་ངང་ཁ་བའི་ཁྲོད་དུ་སོང་ནས་ཁངས་རྩེད་བྱེད་བཞིན་ཡོད་པ་མཐོང་ཐུབ། ཁོ་ཚོར་ཆེད་ལས་ཀྱི་མཛུབ་སྟོན་དང་ཆེད་བཀོལ་གྱི་ལག་ཆ་མེད་དེ།  ཁྱིམ་ནས་འཁྱེར་ཡོང་བའི་སྡེར་མ་དང་འགྱིག་ཁུག  ཤིང་ལེབ་སོགས་བཀོལ་ནས་ཁངས་ཞུད་བྱེད་བཞིན་ཡོད་ལ།  འཛུམ་མདངས་ཤིག་ཤིག་དང་དགོད་སྒྲ་ལྷང་ལྷིང་འདུག   ཆ་རྐྱེན་འདི་འདྲ་ཞིག་གི་འོག་ཏུ་རིགས་སོ་སོའི་མང་ཚོགས་ཀྱི་བློ་ཁ་པེ་ཅིང་ལ་ཕྱོགས་ནས་ཨོ་རྩལ་འགྲན་ཚོགས་ལྟ་བུའི་དམིགས་བསལ་གྱི་བྱེད་སྒོ་ཆེན་པོ་འདི་ལྟ་བུར་ཞུགས་པ་ནི་སེམས་ཤུགས་ཤིག་ཡིན་ལ། འདི་ལྷག་ཏུ་མཐུན་མོང་གི་འདུ་ཤེས་བརྟན་པོ་ཤིག་ཡིན་པ་རེད།

    ལོ་འདི་དག་རིང་བདེ་ཆེན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་དང་ཀྲུང་ཧྭ་མི་རིགས་མཐུན་མོང་འདུ་ཤེས་བརྟན་པོ་ཆགས་པའི་ལས་དོན་ཡག་བསྒྲུབ་པར་ཕན་འབྲས་མངོན་གསལ་ཐོབ་ལ། བློ་ཁ་པེ་ཅིང་ལ་ཕྱོགས་པའི་འདུ་ཤེས་ཟབ་མོ་ཆགས་ཡོད་པ་རེད།