ཆེམ་ཆེམ་འོད་ཀྱིས་མཛེས་པའི་གྲོང་གསེབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



        མཚན་མོའི་དུས་སུ། འཇོལ་རྫོང་ཀོང་རྩེད་རའི་གྲོང་རྡལ་དུ་ཕུལ་བྱུང་ཚན་རྩལ་གྱི་འཕྲུལ་ལས་བྱུང་བའི་དཀར་སེར་དམར་ལྗང་གི་གློག་སྒྲོན་གྱིས་གྲོང་རྡལ་འདི་ཉིད་ལ་གསོན་ཤུགས་གསར་བ་རྒྱས་སུ་བཅུག་ལ། ཆེམ་ཆེམ་འོད་ཀྱིས་མཛེས་པའི་རབ་གསལ་གློག་གི་ཕྲེང་བསྟར་གྱིས་ཡར་འགྲོ་མར་འོང་གི་མགྲོན་པོར་ལམ་སྟོན་གྱི་ནུས་པ་ཐོན་པ་མ་ཟད། ལོངས་སྤྱོད་འདོད་དགུ་འཇོ་བའི་འབྲས་བཟང་གི་བཀྲ་ཤིས་སྨིན་པའི་ལོ་སར་ལའང་དུས་ཆེན་གྱི་འདུ་ལོང་ཞིག་ངང་ངམ་ཤུགས་ཀྱིས་སྟེར་འོང་།

        དེང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ལོ་རེ་ལས་ལོ་རེར་བཟང་ཞིང་། དམངས་ཀྱི་འཚོ་བ་ནི་ཡར་ངོའི་ཟླ་བ་བཞིན་ཡར་ནས་ཡར་དུ་འཕེལ་བས། གནས་འདིའི་ཡུལ་མི་རྣམས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་མཆིས།