བློ་བཟང་ཤེས་རབ། བདེ་ཆེན་བོད་ཀྱི་ལོ་སར་རིག་གནས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟློ་བོད་ཡིག་དྲ་བ།


བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ལོ་སར་རིག་གནས།

        2022ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་སྐར་བཟང་གི་དུས་འདིར་ཐོག་མར་ངེད་བདེ་ཆེན་ཉིན་ཚགས་པར་ཁང་གི་ལས་བཟོ་བ་ཡོངས་ཀྱིས་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་བོད་རབ་རྒྱན་ཆུ་ཕོ་སྟག་གི་ལོར་ཁྱེད་ཅག་གི་བྱ་བཞག་ཐམས་ཅད་རྒྱ་སྟག་ནགས་ནས་མཆོང་འདྲའི་ངར་ཞིག་དང་མདའ་མོ་གཞུ་ལས་ཤོར་འདྲའི་མྱུར་ཞིག་ཡོད་པ་དང་། ཁྱིམ་བཟའ་མི་ཡོངས་ལ་ནད་མེད་ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་སྨོན་འདུན་ཞུ།   

        དེ་ཡང་རྫོགས་ལྡན་གྱི་དུས་བཟང་འདིར་ངེད་བོད་ཡིག་རྩོམ་སྒྲིག་ཁང་གིས་༼  བདེ་ཆེན་བོད་ཀྱི་ལོ་སར་དུས་ཆེན་  ༽ཞེས་པའི་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཡོད་ལ། ལེ་ཚན་འདིའི་ཁྲོད་བདེ་ཆེན་ས་གནས་ཀྱི་བོད་རང་གི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུས་ཡོད་པ་དང་རྒྱུས་མངའ་ཡོད་པའི་རིག་གནས་བ་དང་གྲགས་ཆེན་མི་སྣ་འགའ་གདན་འདྲེན་ཞུས་ནས་རྩམ་དྲི་མ་ཡལ་བའི་བདེ་ཆེན་བོད་སྐད་ཀྱི་སྒོ་ནས་ཁ་བརྡ་བགྲོ་གླེང་བྱས་ཡོད།   

        ཐེངས་འདིར་གདན་འདྲེན་བྱས་ཡོད་པའི་སྐུ་མགྲོན་ནི་བདེ་ཆེན་དང་མཐའ་ན་བོད་འབྲེལ་ས་ཁུལ་ན་མིང་དུ་གྲགས་པའི་གླུ་བ་བློ་བཟང་ཤེས་རབ་ཡིན། ཁོས་ལེ་ཚན་འདིའི་ནང་ཁོའི་ཕ་ཡུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་ས་ཆ་གཙོ་བྱས་པའི་སྲོལ་རྒྱུན་བོད་ཀྱི་ལོ་སར་རིག་གནས་གླེང་ཡོད་དེ་རྒྱ་ཆེའི་ཀློག་པ་པོ་དང་དགའ་མོས་ཡོད་མཁན་རྣམས་ཀྱིས་གསལ་གཟིགས་དང་རྒྱུད་སྐུར་མང་ཙམ་བྱེད་རོགས།