《དེང་རབས་རྒྱ་ཡིག་ཚིག་མཛོད》(རྒྱ་བོད་ཐ་སྙད་ཤན་སྦྱར)དཔེ་སྐྲུན་འགྲེམས་སྤེལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས26ཉིན། 《དེང་རབས་རྒྱ་ཡིག་ཚིག་མཛོད》(རྒྱ་བོད་ཐ་སྙད་ཤན་སྦྱར)དཔེ་སྐྲུན་འགྲེམས་སྤེལ་བཞུགས་མོལ་ཚོགས་འདུ་འཚོགས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའམ་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དོན་འགྲུབ་དབང་འབུམ་གྱིས་བརྙན་ལམ་ནས་གསུང་བཤད་གནང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་ཚོགས་འདུར་མགོ་འཛིན་གནང་།

c9298504e94513bf532e557c86d2aa8.jpg

        རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་། ཡིག་སྒྱུར་རྩོམ་སྒྲིག་མི་སྣ་ཡོངས་ཀྱིས་མཉམ་དུ་འབད་པ་བྱས་པར་བརྟེན་ནས། མི་རིགས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་དབང་གྲགས་ཚིག་མཛོད་དེ《དེང་རབས་རྒྱ་ཡིག་ཚིག་མཛོད》(རྒྱ་བོད་ཐ་སྙད་ཤན་སྦྱར)དཔེ་སྐྲུན་འགྲེམས་སྤེལ་བྱས། ཚིག་མཛོད་དེར་མི་རིགས་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་གཏོང་སྐོར་གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་སོ་སོའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད་ལེགས་སྐྱེས་གསར་ཞིང་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། 

fd48dabd61b81170631a139efbc14f2.jpg

        མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། 《དེང་རབས་རྒྱ་ཡིག་ཚིག་མཛོད》ཡིག་སྒྱུར་ནི་བོད་རིགས་སྤུན་ཟླས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་། ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་ཇེ་ཆེར་གཏོང་བའི་ཚིག་མཛོད་གལ་ཆེན་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་ཐོག་མར་གཏོད་པའི་རང་འདེམས་བྱ་སྤྱོད་ཤིག་ཡིན་པས། ཚིག་མཛོད་ཡིག་སྒྱུར་གྱི་རིན་ཐང་ལ་ཚན་རིག་དང་མཐུན་པའི་ངང་ངོས་འཛིན་བྱེད་དགོས། དབང་གྲགས་དང་ཚད་ལྡན་ཅན་གྱི་ཚིག་མཛོད་འདིར་བརྟེན་ནས་བོད་འབྲེལ་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལས་དོན་གྱི་ཆུ་ཚད་དང་ནུས་པ་རྒྱུན་ཆད་མེད་པར་མཐོ་འདེགས་བཏང་སྟེ། ཀྲུང་ཧྭའི་མི་རིགས་སོ་སོའི་སྐད་ཡིག་རིག་གནས་ཕན་ཚུན་སྒྱུར་རེས་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཚིག་མཛོད་ཡིག་སྒྱུར་གྱི་གྲུབ་འབྲས་ཡག་པོར་སྤྱད་དེ། བོད་འབྲེལ་ས་ཁུལ་དང་། སློབ་གྲྭ ལས་ཁུངས་དང་བྱ་གཞག་ཚན་པ། དགོན་སྡེ་སོགས་ལ་ཁ་ཕྱོགས་ནས་ལྟ་ཀློག་དང་ཁྱབ་གདལ་གཏོང་བ་དང་། 《དེང་རབས་རྒྱ་ཡིག་ཚིག་མཛོད》ཀྱི་དོན་འགྲེལ་སོགས་ཁྱོན་ཡོངས་ནས་ཡིག་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

aa13e14439c29a673fba3a734a4229b.jpg

        དོན་འགྲུབ་དབང་འབུམ་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ནས་རྩ་འཛུགས་བྱས་ཏེ། ལོ་ངོ9ཡི་དུས་ཚོད་སྤྱད་ནས་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི《དེང་རབས་རྒྱ་ཡིག་ཚིག་མཛོད》(རྒྱ་བོད་ཐ་སྙད་ཤན་སྦྱར)དེས་ང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོར་སྦྱོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཕན་པ་ཡོད། སྔ་ནས་ད་བར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཡང་དག་པའི་མཛུབ་སྟོན་ལ་བརྟེན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། 《ཚིག་མཛོད》དཔེ་སྐྲུན་བྱས་པ་དེས་མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་མོར་ཕན་པ་ཆེན་པོ་བཏགས་ཡོད། 

9ed3ca4a34e224d99026ebc0f26c318.jpg

        དབྱང་ཧྥིན་ཁྲུན་གྱིས་མགོ་འཛིན་མཛད་སྐབས་བསྟན་དོན། 《ཚིག་མཛོད》ཁྱབ་བདལ་བྱེད་ཚད་ཇེ་ཆེར་གཏོང་བ་དང་། ཤེས་རྟོགས་བྱེད་ཚད་ཇེ་མཐོར་བཏང་ནས། རྒྱ་ཆེ་བའི་མང་ཚོགས་ཀྱིས་ཚིག་མཛོད་ཀྱིས་བསྩལ་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དོན་སྙིང་གལ་ཆེན་ལ་གོ་བ་ཡང་དག་ལེན་པར་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གཏོད་པར་ཁྱོན་ཡོངས་ནས་ལེགས་སྐྱེས་འབུལ་དགོས། 

ཚོགས་འདུའི་ཐོག ཡོལ་འབྱེད་མཛད་སྒོ་སྤེལ་ཞིང་། ཁུལ་སོ་སོའི་འཐུས་ཚབ་པར་ཚིག་མཛོད་གནང་བ་དང་། ཚིག་མཛོད་སྒྲིག་སྒྱུར་དང་ཡིག་སྒྱུར་བྱ་བ་ངོ་སྤྲོད་བྱས་ཤིང་། ཆེད་མཁས་པའི་འཐུས་མིས་གྲོལ་གླེང་གཏམ་བཤད་གནང་། །