བདེ་ཆེན་གྱི་འགྲིམ་འགྲུལ་རྣམ་གྲངས་རྒྱལ་ཁབ་རིམ་པའི་འཆར་འགོད་ནང་ཚུད

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

བདེ་ཆེན་གྱི་འགྲིམ་འགྲུལ་རྣམ་གྲངས་མང་པོ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཆར་འགོད་ནང་ཚུད་ཡོད།


        2021ལོར་རང་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས་མང་པོ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཆར་འགོད་ནང་ཚུད་པས་རྣམ་གྲངས་འཆར་འགོད་ཐད་ཚད་བརྒལ་གསར་པ་བྱུང་ཡོད།

        གཞུང་ལམ་འཆར་འགོད་ཐད་G7611ཉིང་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་དང་G215སེམས་ཀྱི་ཉི་ཟླ་ནས་འབའ་ལུང་རིམ་པ་གཉིས་པའི་གཞུང་ལམ་གསར་བ་དང་G353འབའ་ལུང་ནས་ཧྥུ་ཀུང་རིམ་པ་གཉིས་པའི་གཞུང་ལམ་སོགས་རྣམ་གྲངས་6་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞུང་ལམ་གྱི་ལོ་ལྔ་ཚན་བཅུ་གཞི་བའི་འཕེལ་རྒྱས་འཆར་འགོད་ནང་དུ་ཚུད་ཡོད། ས་དམ་ནས་འབའ་ལུང་མྱུར་བགྲོད་དང་འབའ་ལུང་ནས་ཡེ་ཀྲི་མྱུར་བགྲོད་སོགས་རྣམ་གྲངས་4བདེ་བླག་ངང་ཡུན་ནན་ཞིང་ཆེན་གྱི་ལོ་ལྔ་ཚན་བཅུ་གཞི་ས་གནས་ཀྱི་མྱུར་བགྲོད་ལམ་གྱི་དྲ་བའི་འཆར་འགོད་ནང་ཚུད་པ་དང་། ཕན་ཐེན་ཀོ་སོགས་ཁྱོན་སྤྱི་ལེ463ཡོད་པའི་ཤང་དུ་ཤར་གཏོང་ཐུབ་པའི་རིམ་གསུམ་གཞུང་ལམ8འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཤང་དུ་ཤར་གཏོང་ཐུབ་པའི་རིམ་གསུམ་གཞུང་ལམ་གྱི་རྣམ་གྲངས་མཛོད་ནང་ཚུད་པ་དང་སྤྱི་ལེ6100ལྷག་ཙམ་གྱི་གྲོང་གསེབ་གཞུང་ལམ་ཡུན་ནན་ཞིང་ཆེན་གྱི་ལོ་ལྔ་ཚན་བཅུ་གཞི་པའི་གྲོང་གསེབ་གཞུང་ལམ་གྱི་རྣམ་གྲངས་མཛོད་ནང་ཚུད་པ་རེད།

        དམངས་སྤྱོད་མཁའ་འགྲུལ་འཆར་འགོད་ཐད་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གི་དུས་ཐེངས་ལྔ་པའི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འབྲེལ་ཡོད་འཆར་འགོད་ནང་ཚུད་ནས་2022་ལོར་ལས་འགོ་འཛུགས་རྒྱུའི་འཆར་གཞི་ཡོད་པ་རེད།

        ཆུ་ཐོག་སྐྱེལ་འདྲེན་འཆར་འགོད་ཐད་རང་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར5.3བཏང་བའི་ཡུན་ནན་གྱི་དམངས་ཕན་འགྲིམ་འགྲུལ་གྲུ་ཁའི་ལས་གྲྭ་བདེ་ཆེན་འཛུགས་སྐྲུན་ལས་གྲྭ་19་དང་མ་དངུལ་བསྡོམས་འབོར་སྒོར་ཁྲི8500བཏང་བའི་འབྲི་ཆུ་ཁའི་ཧྲི་ཀུའུ་ནས་སྟག་མཆོང་གྲོག་རོང་བར་གྱི་ཡུལ་སྐོར་རིག་གནས་གྲུ་ལམ་འཛུགས་སྐྲུན་ལས་གྲྭ་དེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཆུ་ཐོག་སྐྱེལ་འདྲེན་གྱི་ལོ་ལྔ་ཚན་བཅུ་གཞི་པའི་འཕེལ་རྒྱས་འཆར་འགོད་ནང་བདེ་བླག་ངང་ཚུད་པ་རེད།