བདེ་ཆེན་མི་རིགས་སློབ་འབྲིང་ལ་རྒྱལ་ཡོངས་དཔེ་སྟོན་ཚན་པའི་མིང་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་འཕྲིན། ཉེ་ཆར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཁག་དགུ་པའི་དཔེ་སྟོན་ཚན་པའི་གྲས་ཤིག་ཡིན་པའི་མིང་བཏགས་པ་རེད། 

 

        རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་གནས་ཚུལ་ལ་གཞིགས་ན། དཔྱད་འདེམས་ནན་པོ་བྱས་པ་བརྒྱུད་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་ཞིང་ཨན་མེང་དང་། ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ། ནན་ཉིང་གྲོང་ཁྱེར། ལིའུ་ཀྲོའུ་གྲོང་ཁྱེར། ཀུའེ་དབྱང་གྲོང་ཁྱེར། ལིའུ་ཕང་ཧྲུའེ་གྲོང་ཁྱེར། ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ། ས་དམ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ལན་ཀྲོའུ་གྲོང་ཁྱེར། ཐེན་ཧྲུའེ་གྲོང་ཁྱེར། ཝུའུ་ཀྲུང་གྲོང་ཁྱེར། ཐ་ཁྲེང་ས་ཁུལ། ཨ་ལེ་ཐའེ་ས་ཁུལ། ཨ་ཁོ་སུའུ་ས་ཁུལ་སོགས་གྲོང་ཁྱེར་(ས་ཁུལ་དང་། ཁུལ། མེང་)དང་ས་ཁུལ་དང་ཚན་པ་གཞན་དག་ཁྱོན་236ཡོད་པ་དེ་དག་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཁག་དགུ་པའི་དཔེ་སྟོན་ཚན་པ་ཡིན་པ་རེད། མིང་བཏགས་པའི་གོ་ཆོད་དུས་ཡུན་ལོ་5ཡིན།

    ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་སྟོན་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་ལུགས་བརྟན་པོར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་གཙོ་རྐང་དེ་བརྟན་པོ་འཛུགས་པ། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་སློབ་གསོ་སློབ་ཁྲིད་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་གྱི་ཁྲིམས་སྲོལ་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་སྒྲོག་འགྲེལ་ཤུགས་ཆེན་བྱས་ཏེ་མི་རིགས་ཁག་གི་དགེ་སློབ་ཚོར་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་བཏང་ནས་སྲུང་སྐྱོང་གཉིས་ཐུབ་པ་བྱེད་དགོས་པའི་ཁྲིད་སྟོན་བྱས་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད།