ཐོན་ལས་དར། བདེ་སྐྱིད་ལྡན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-26   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

1569395_yis_1642867200000_s.jpg

        ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ཞིང་། 2021ལོའི་ལོ་མཇུག་བར་རང་ལྗོངས་ཀྱི“སྣ་ཁ་གསུམ་དང་ཚད་གཞི་གཅིག”གི་ཞིང་ལས་ཐོན་རྫས་ཀྱི་བསྡོམས་འབོར་1014ཟིན་པ་དང་། “སའི་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་ཚད་ཀྱི་ཕན་འབྲས་མུ་མཐུད་མངོན་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་བཟོ་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ནུས་པ་གལ་ཆེན་བཏོན་ཡོད། འདི་ནི་སྨར་ཁམས་རྫོང་ཨོ་ཅང་ནས་སྤུས་ལེགས་འདེབས་འཛུགས་རྟེན་གཞིར་ཞིང་འབྲོག་པའི་མཉམ་ལས་ཁང་གི་ལས་མིས་ནས་ཀྱི་ཐོན་རྫས་ཐུམ་སྒྲིལ་རྒྱག་བཞིན་པ།