བླ་འཕེལ། ​

རྩོམ་པ་པོ།   དམ་པ་ཤེས་རབ།   ཡིག་བསྒྱུར།       དུས་ཚོད།   2022-01-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

བླ་འཕེལ། 


དཔལ་བསོད་ནམས་ཆགས་པའི་ས་ཆ་འདི།

ཡུལ་ཉེར་བཞི་གནས་ཆེན་གཉིས་ཀྱི་ནི།

འཕགས་དམ་པའི་ཁ་སྦྱོར་རྟེན་འབྲེལ་ལྡན།

ངའི་ཕ་ཡུལ་བླ་འཕེལ་ལུང་པ་ཡིན།


སྟོད་གངས་རི་བཞུགས་བའི་ས་ཆ་འདི།

གསེར་ལྷ་བྱ་ཀ་ལ་པིང་ཀ་ནི།

ཕུ་ནགས་ཚལ་སྒྲ་སྙན་གར་དབྱངས་སྒྲོགས།

ངའི་ཕ་ཡུལ་བླ་འཕེལ་ལུང་པ་ཡིན།


བར་ཆུ་འགོ་མི་གཅིག་ཁ་ཁ་ཡིན།

རྫས་བཀྲ་ཤིས་རྟགས་བརྒྱད་རྒྱན་འདྲ་ཡི།

ཆབ་གཙང་མའི་དར་ཚོན་སྣ་ལྔ་རེད།

ངའི་ཕ་ཡུལ་བླ་འཕེལ་ལུང་པ་ཡིན།


སྨད་གྲོང་སྡེ་གསེར་གྱི་ཕྲེང་བ་ཡིན།

མཛེས་མེ་ཏོག་པད་མ་འདབ་བརྒྱད་བཀྲ།

བུ་དཔའ་སྲས་འཁྲུངས་བའི་ས་ཆ་འདི།

ངའི་ཕ་ཡུལ་བླ་འཕེལ་ལུང་པ་ཡིན།