ཁྱོད་ཀྱི་ཞལ་རས་སྒོར་སྒོར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-24   རྩོམ་ཁུངས།    ཁམས་པའི་དྲ་བ།

མིག་མདངས་ཀྱིས་ངག་སྒོ་ཕྱེས་ཏེ།

མཛའ་བརྩེའི་སྐད་ཆ་ལྷུག་ལྷུག་ཏུ་གྲོལ་རྗེས།

ང་རང་ནར་མ་སོན་པའི་ཡལ་ག་དང་འདྲ་སྟེ།

ཐ་ན་ཁ་བའི་འདབ་མ་རེ་རེའང་ཐེགས་པར་དཀའ།

བརྩེ་དུང་གི་རྒྱ་མཚོ་འཁྱིལ་བའི་བྲང་གཞུང་དུ་

ཕྲོམ་ཕྲོམ་གྱིས་འདུས་པའི་ཟིལ་བ་དག།

གས་སྲུབ་དོད་པའི་རྡོ་བ་དག་ལས་ཕྱིར་མངོན་བྱུང་།

ཏག་ཏག་མི་ལོ་བདུན་ཙམ་འགོར་འདུག།

ངས་རང་ཉིད་རྙི་ཐག་ཏུ་ཚུད་པའི་

ཤ་བ་དང་འདྲའོ་སྙམ།

དུས་ཚོད་ཀྱི་འཁྱུད་མོ་རྒྱང་རིང་དུ་བཞུར་བས།

ཚོད་ཚོད་ལ་འགྲེ་ལྡོག་ཅིག་རྒྱག་འདོད་བྱུང་ཡང་།

ཨག་སྐད་ལ་ཞེད་སྣང་ཚ་བའི་ང་རང་།

སྟོང་བསམ་གྱི་གྲུ་རྫིངས་ལའང་ཞུགས་ཕོད་ཀྱིན་མེད།