འདུ་འཛི་ཆེ་བའི་ལོ་སར་ཁྲོམ་ར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། བདེ་ཆེན་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ལོ་སར་གྱི་མཁོ་ཆས་ཉོ་བར་བྲེལ་བཞིན་ཡོད། སེམས་ཀྱི་ཉི་ཟླའི་ཟངས་རྟ་ཐང་ཆེན་དང་ཞིང་ཟོག་ཁྲོམ་ར་སོགས་སུ་ལོ་སར་གྱི་ཚོང་རྫས་སྣ་ཚོགས་ཏེ། ལྒང་ཞུ་དང་སྦྱར་ཡིག གྲོ་སོ་ཕྱེ་མར། རླུང་རྟ། ཀ་ར་སིལ་ཏོག་སོགས་བཤམས་ཡོད་པས། ས་གནས་མང་ཚོགས་ཀྱིས་གནས་འདི་ནས་རང་ལ་གང་མཁོ་བའི་ལོ་སར་མཁོ་ཆས་ཉོས་ནས། དགའ་དགའ་སྤྲོ་སྤྲོའི་ངང་ལོ་སར་བ་བསུ་བར་སྟ་གོན་བྱེད་བཞིན་ཡོད།