ན་ནིང་བདེ་ཆེན་གྱི་མཁའ་འགྲུལ་ཡུལ་སྐོར་སྐྱེལ་འདྲེན་ཚད་མི་ཁྲི36ཟིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་བསྡོམས་རྩིས་གཞི་གྲངས་ལྟར་ན། 2021ལོར་གནམ་ཐང་འདིས་ཁྱོན་དུས་གཏན་གནམ་གྲུ་ཐེངས་5312འགན་ལེན་བྱས་ཤིང་། དུས་མཚུངས་ལས་13.17%འཕར་ཡོད་པ་རེད། འགྲུལ་པ་འདོན་འཇུག་བྱེད་ཚད་མི་ཐེངས་369848ལེགས་གྲུབ་བྱུང་ལ། དངོས་ཟོག་སྦྲག་སྐྱེལ་འདོན་འཇུག་བྱེད་ཚད་ཏུན་1230.40ལེགས་གྲུབ་བྱུང་བས་དུས་མཚུངས་ལས་104.08%འཕར་ཡོད།ན་ནིང་རུའེ་ལི་དང་ནན་ཅིན། ཀོང་ཀྲོའུ་སོགས་ས་ཁུལ་གྱི་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་ཁུལ་གྱི་མཁའ་འགྲུལ་ཚོང་རར་ཡང་འགལ་རྐྱེན་ཚབས་ཆེན་བྱུང་བ་རེད།འོན་ཀྱང་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་ད་དུང་དམངས་སྤྱོད་མཁའ་འགྲུལ་ཅུས་དང་ས་ཁུལ་ཁག་གི་དོ་དམ་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་དུས་ཚིགས་བརྗེ་བའི་ལས་དོན་བཀོད་སྒྲིག་ཚོགས་འདུར་ཧུར་ཐག་ཞུགས་ནས། དགུན་དཔྱིད་དུས་ཚིགས་གཉིས་ཀྱི་དུས་གཏན་གནམ་གྲུ་བརྗེ་བའི་ལས་དོན་བདེ་བླག་ངང་ལག་བསྟར་བྱ་རྒྱུའི་འགན་ལེན་བྱས་པ་དེའི་ནང་ཁུལ་ཡོངས་ཀྱི་དབྱར་སྟོན་དུས་ཚིགས་ཀྱི་དུས་གཏན་གནམ་གྲུ་གཏོང་ཚད་གཟའ་འཁོར་རེར་202ཟིན་ལ། དུས་མཚུངས་དང་བསྡུར་ན་10%འཕརལ།  དགུན་དཔྱིད་དུས་ཚིགས་སུ་གཏོང་ཚད་གཟའ་འཁོར་རེར་190་ཟིན་ལ། དུས་མཚུངས་དང་བསྡུར་ན་21.8%་འཕར་ཡོད་དེ། གནམ་ཐང་གི་རྒྱུན་ལྡན་རྣམ་པའི་སྐྱེལ་འདྲེན་ཚད་བརྟན་འཇགས་ངང་འཕེལ་བཞིན་ཡོད་པ་རེད། 
    བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་ད་དུང་སྔ་རྗེས་སུ་ཁྲེང་ཏུའུ་=བདེ་ཆེན་དང་།        ཀོང་ཀྲོའུ་=བདེ་ཆེན་=ལྷ་ས།       ཧྲེན་ཀྲེན་=ཁུན་མིང་=བདེ་ཆེན་སོགས་ཀྱི་མཁའ་ལམ་སླར་གསོ་བྱས་ཤིང་། ཁུན་མིང་=བདེ་ཆེན་གྱི་མཁའ་ལམ་ལ་གསང་སྡོམ་བྱས། ཧྲང་ཧའེ་(ཕུའུ་ཏུང་)=ཁུན་མིང་=བདེ་ཆེན་དང་པེ་ཅིང་(ཏ་ཤིན་)=ཁྲུང་ཆིང་།             =བདེ་ཆེན་གྱི་མཁའ་ལམ་ཤར་གཏོང་བྱས་པ་མ་ཟད། ཁྲོམ་རའི་འཕེལ་ཕྱོགས་དང་འགྲུལ་ཁུངས་ཀྱི་དགོས་མཁོ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ནས་མཁའ་འགྲུལ་ཀུང་སིའི་གསང་སྡོམ་མཁའ་ལམ་ཕྱེས་ཤིང་། དུས་མཚུངས་སུ་རང་ཁུལ་གྱིས་ཀྱང་པེ་ཅིན་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་འཐབ་ཕྱོགས་དང་པོའི་གྲོང་ཁྱེར་ཆེན་པོ་བཞི་ཚང་མར་གནམ་གྲུ་ཤར་གཏོང་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱུང་ལ་མཁའ་ལམ་གྲུབ་ཚུལ་སྔར་ལས་ལེགས་འགྱུར་བྱུང་ཡོད།

    མཁའ་འགྲུལ་ཟོག་འདྲེན་ཐད་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་མཁའ་འགྲུལ་ཟོག་འདྲེན་བྱེད་སྟངས་སྒྱུར་བཅོས་བྱས་ནས་ཡུན་ནན་ཡན་ལག་གནམ་ཐང་གི་དངོས་ཟོག་ཧྲིལ་པོའི་མཁའ་ལམ་དང་པོ་ཤར་གཏོང་ཐུབ་པ་དང་། ཡུན་ནན་ཞིང་ཆེན་ཡན་ལག་གནམ་ཐང་གི་དངོས་ཟོག་ཧྲིལ་པོའི་མཁའ་ལམ་ཐིག་ལེ་ལས་བརྒལ་ཐུབ་པ་བྱུང་ཡོད། བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་2021ལོའི་ཟླ་9ཚེས་4ཉིན། ལོ་ཧྲིལ་པོའི་དངོས་ཟོག་སྦྲག་སྐྱེལ་འདོན་འཇུག་བྱེད་ཚད་ཀྱི་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ་དེའི་ནང་ཟླ་8པར་གནམ་ཐང་གིས་དངོས་ཟོག་སྦྲག་སྐྱེལ་འདོན་འཇུག་བྱེད་ཚད་ཁྱོན་ཏུན་509ལེགས་སྒྲུབ་བྱས་པ་དང་ཟླ་བ་གཅིག་གི་དངོས་ཟོག་སྐྱེལ་འདྲེན་འདོན་འཇུག་ཚད་ཏུན་500ལས་བརྒལ་བའི་དམིགས་ཚད་ཐོག་མར་མངོན་འགྱུར་བྱུང་ཡོད་པ་རེད།