པར་རིས་ངོས་ནས་མཚོ་སྔོན་ཀྱི་མཛེས་ཉམས་ལྟ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-19   རྩོམ་ཁུངས།    མི་དམངས་དྲ་བ།

“པར་བ་དང་མཚོ་སྔོན——རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་གཙོ་བོར་དམིགས་པ”ཞེས་པའི་པར་རིས་འགྲེམས་སྟོན་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་དུ་སྤེལ་བ་རེད། ཡུལ་དངོས་སུ་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གདན་དྲངས་པའི་མི་དམངས་ཉིན་རེའི་ཚགས་པར་གྱི་པར་ལེན་པུའུ་ཡི་ཀྲུའུ་རེན་ལའེ་ཧྲེང་དང་། འོད་ཟེར་དྲ་བའི་པར་རིས་བྱ་གཞག་པུའུ་ཡི་སྤྱི་ཁྱབ་ལྟ་ཞིབ་པ་ཅི་ཁྲུན་ཧུང་། འཛམ་གླིང་དུ་སྐད་གྲགས་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་ཐད་ཀྱི་པར་བ་ཀྲོའུ་མེ་ཧྲེང་བཅས་པར་བ་གྲགས་ཅན་གསུམ་གྱི་བརྩམས་ཆོས་128འགྲེམས་སྟོན་བྱས་པ་རེད།   

   

   ད་ཐེངས་ཀྱི་འགྲེམས་སྟོན་ནི་མཛེས་སྡུག་ལྡན་པའི་མཚོ་སྔོན་དང་། སྣོད་བཅུད་ཡུལ་སྐོར། རིག་གནས་ཡུལ་སྐོར། བདེ་སྐྱིད་ལྡན་པའི་འཚོ་བ་བཅས་ཁག་བཞི་ལ་དབྱེ་ནས། པར་བ་ཚོས་ལམ་ཐིག་གསུམ་བརྒྱུད་ནས་མཚོ་སྔོན་བསྐོར་བ་དང་། ལམ་བར་དུ་མཐོང་བའི་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྣོད་བཅུད་དང་། སྤྱི་ཚོགས་རིག་གནས། ཞི་མཐུན། ཁོང་ཡངས་བཅས་ཀྱི་མཛེས་ཉམས་མངོན་ཡོད་པ་རེད། པར་བ་ཚོས་པར་རིས་ལ་བརྟེན་ནས་ཀུན་ལ་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་གྱི་མཛེས་ལྗོངས་མྱོང་ཚོར་ཟབ་མོ་བྱུང་བར་བཅུག་པ་དང་། ད་ཆའི་མཚོ་སྔོན་མྱོང་ཚོར་ཐུབ་པར་བཅུག་ཡོད།