སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མི་རིགས་ཁག་གི་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་ལ་སྐུལ་འདེད་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གྲོང་ཁྱེར་དང་།   ཤང(གྲོང་རྡལ)  གྲོང་ཚོའི(སྡེ་ཁུལ)ཕྱོགས་སོ་སོར་ཁྱབ་པར་བྱས་ནས་མཉམ་ཁུར་མཉམ་ལེན་དང་སྤྱི་དོན་སྤྱི་སྒྲུབ།   རིམ་པ་བཞིན་དོན་འཁྱོལ་གཏོང་བའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད་པ་རེད། 

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་འཚོ་བ་དང་།ལས་དོན་སློབ་སྦྱོང་།  རིག་གནས་རོལ་རྩེད་སོགས་རྒྱུན་གཏན་གྱི་ལྷུ་ཚིགས་ནས་འགོ་བཙུགས་ཏེ་ལས་ཞུགས་དང་།  སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་།  སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་སློབ་སྦྱོང་དང་།  མཉམ་སྐྲུན་མཉམ་སྤྱོད།  མཉམ་དུ་ལོངས་སྤྱོད་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཧུར་ཐག་བཏོད་ཡོད། 

     སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།  མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལས་སྟེགས་བསྐྲུན་དགོས།   གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་ཤམ་བྷ་ལ་མི་རིགས་མཐུན་སྒྲིལ་གྱི་བརྗོད་བྱ་གཙོ་བོའི་སྤྱི་གླིང་དང་མི་རིགས་རིག་གནས་ཁང་སོགས་སྤྱི་གླིང་ཆེན་པོ་3དང་ཐང་ཆེན་ཆེན་པོ་9བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་ཆེད་ཆ་རྐྱེན་བསྐྲུན་ཡོད། 

    གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྱིས་བོད་རིགས་ཀྱི་དམངས་ཁྲོད་གཏམ་དཔེ་འཚོལ་བསྡུ་ལེགས་སྒྲིག་དང་།  རྒྱལ་ཐང་གི་སྐོར་བྲོ་འཁྲབ་པ།  ཉི་ཤར་རྫ་ནག་སོགས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་རྣམ་གྲངས་ལག་ལེན་བསྟར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་དང་སྤྲོ་སྣང་ལྡན་པའི་ཤམ་བྷ་ལ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།   བར་མཐོངས་དང་།  རིག་གནས། དཔལ་འབྱོར།  སྤྱི་ཚོགས།  སེམས་ཁམས་སོགས་ཀྱི་ཐད་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རྣམ་པ་ཟབ་མོ་ཤུགས་ཆེན་བཏོད་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་ཐུན་མོང་ཐོག་ལོངས་སྤྱོད་བྱེད་པའི་སེམས་ཀྱི་ཉི་ཟླའི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད།   མི་རིགས་མང་ཚོགས་ཀྱི་ལས་ཞུགས་དང་ལས་སྐྲུན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བའི་གྲོང་མིའི་མ་མཐའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཛུགས་པ།  སྤྱི་ཚོགས་ཀྱི་འགན་བཅོལ་ཁྱབ་ཁྱོན་སྔར་ལས་ཆེ་རུ་གཏོང་བ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་བསམ་ཡུལ་ལས་འདས་པའི་མི་ལུས་གནོད་འཚེ་འགན་བཅོལ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཡོད།