བདེ་ཆེན་མཐོ་སྒང་དུ་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་བ་ཐོག་མ་བབས།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-01-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།


     2022ལོའི་ཁ་བ་འབབ་ཐེངས་དང་པོ་དེ་དལ་ཅག་གེར་བདེ་ཆེན་མཐོ་སྒང་དུ་ལྟད་མོར་ཕེབས་ཤིང་།  ཞག་གཅིག་གི་ཆོ་འཕྲུལ་ལས་མཐོ་སྒང་མ་མའི་ས་འཛིན་གྱི་པང་བ་ཐམས་ཅད་དངུལ་མདོག་གི་ཞིང་ཁམས་སུ་བསྒྱུར་ནས་ཉམས་དགའ་ཞིང་སྤྲོ་སྣང་ལྡན་པའི་གངས་དཀར་གྱི་འཇིག་རྟེན་འདི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། སོ་ནམ་རྒན་པོས་ཡུན་རིང་རེ་སྒུག་བྱེད་པ་བཞིན་ཁ་བ་དུས་སུ་འབབ་པ་འདི་ལོ་ལེགས་འབྱུང་བའི་སྔ་ལྟས་ཡིན།ཁ་བའི་འདབ་མ་འཕྱོ་ཞིང་གཡེང་བའི་བར་གསེང་ན་སྙན་ངག་མཁན་པོས་འཚོ་བའི་གོ་རྟོགས་འཚོལ།གྲང་ངར་གྱིས་སྤྲོ་སྣང་གཞོམ་མ་ནུས་པའི་བྱིས་པ་ཚོའི་ལག་ཟུང་དྲོན་མོ་ལས་བཞེངས་པའི་གངས་མི་ལ་བཞད་གད་ཀྱི་འཛུམ་མདངས་རྒྱས།ནགས་ཕག་མཚོ་ན་ངང་བའི་ཁྱུ་ཚོགས་ཀྱིས་དཀར་འཇམ་གྱི་ས་གདན་ངོས་ལ་འཁྱུག་རིས་ཀྱི་རི་མོ་འབྲི་བར་བྲེལ།  ཁ་བ་བབས་བྱུང་།  བཀྲ་ཤིས་པའི་ཁ་བ་བབས་བྱུང་།  བདེ་ཆེན་མཐོ་སྒང་དུ་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་བ་ཐོག་མ་བབས་བྱུང་།