ཆམ་ནད་སྔོན་འགོག་གི་ཉམས་མྱོང་།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-01-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

 

    སུ་ལའང་ཆམ་ནད་ཕོག་དུས་ཡོད་པ་བཞིན།   ཆམ་ནད་ནི་སྤྱིར་བཏང་ཡིན་ན་གཉིད་ཀྱིས་མ་འདང་བར་ནད་འགོག་ནུས་པ་ཇེ་ཞན་དུ་གྱུར་བའམ་ཡང་ན་ལས་ཀ་ལྗིད་མོ་ལས་ནས་ལུས་པོའི་ལུས་སྟོབས་ཞན་པ་སོགས་ལས་བྱུང་ཚུལ་ཡོད་ལ།    ཡང་དུ་ཆང་བསྟེན་པ་མང་དྲགས་པ་དང་།   ཟ་རྒྱུ་མངར་མོ་དང་ཁ་མོ་སོགས་འཐུང་རྒྱུ་མང་དྲགས་པ། ཡང་གཞན་གྱི་ཆམ་ནད་ཕན་ཚུན་ལ་འགོས་ཁྱབ་བྱུང་བ།   ཡང་ན་ལུས་པོ་འཁྱགས་གྲང་ཐེབས་པ་སོགས་ཆམ་ནད་བྱུང་ཚུལ་གྱི་རྣམ་པ་ཤིན་ཏུ་མང་བ་རེད།    ལྷག་པར་དགུན་གྱི་དུས་སུ་མཁའ་དབུགས་སྐམ་པོ་དང་ས་རྡུལ་མང་བ་སོགས་ཀྱིས་རྐྱེན་གྱིས་ཆམ་ནད་བྱུང་དུས་ཆེས་མང་ལ།    སློབ་གྲྭའི་ནང་གི་སློབ་མ་རྣམས་ལ་ཆམ་ནད་འགོས་ཁྱབ་བྱུང་དུས་ཀྱང་ཆེས་མང་ཤོས་ཀྱི་དུས་སྐབས་ཤིག་ཡིན། དགུན་གྱི་དུས་སུ་རབ་ཡིན་ན་ཆུ་དྲོད་འཇམ་མང་ཙམ་འཐུང་ན་བཟང་།   ཕྱི་ལ་འགྲོ་དུས་ཀྱང་ལྭ་བ་མཐུག་པོ་ཞིག་གྱོན་དགོས།  སྤྱིར་བཏང་ཡིན་ན་ཚབས་ཆེ་བའི་རྐང་རྒྱུག་དང་ལུས་རྩལ་སྦྱོང་བརྡར་སོགས་བྱེད་མི་རུང་ཞིང་ལུས་སྦྱོང་ཚད་དང་རན་པ་ཡིན་ན་བདེ་ཐང་ལ་ཕན།  དེ་མིན་མཚམས་རེར་རྔུལ་ཆུ་བཞུར་བ་དང་མཚམས་རེར་གྲང་འདར་བརྒྱབ་པ་སོགས་བྱས་ན་ཆམ་ནད་ཕོག་སླ་བ་རེད།   གཞན་ཡང་རང་ཉིད་དུ་ཆང་མི་བསྟེན་མཁན་ཞིག་ཡིན་ན་དུ་ཆང་དང་བར་ཐག་རིང་དུ་ཕྱིན་ན་འགྲིག་ཅིང་དེ་མིན་དུ་བའི་ཁྲོད་ཀྱི་དུག་རྫས་སོགས་རང་གི་འབྱིན་རྔུབ་བྱས་པ་ལས་ཀྱང་ཆམ་ནད་དང་ནད་རིགས་གཞན་པ་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ།                       དགུན་གྱི་དུས་ལ་གནམ་གཤིས་དྲོད་གྲང་ཡང་མི་སྙོམས་པས་ནང་དགོང་ལ་ལྭ་བ་མཐུག་པོ་གྱོན་རྒྱུར་གཟབ་དགོས།  དགོང་མོ་གཉིད་དུས་ཀྱང་སྒེའུ་ཁུང་སོགས་ཕྱེས་ནས་མཁའ་རླུང་གསར་བ་རྒྱུ་རུ་འཇུག་དགོས། ཁྱིམ་ནང་སྡོད་དུས་ཁ་ཐུམ་རྒྱག་རྒྱུ་ཤིན་ཏུ་གལ་ཆེ་ལ།  གལ་ཏེ་རང་ཉིད་ལ་ཆམ་པ་ཕོག་ཡོད་ན་བྱིས་པ་ལ་འོ་བྱེད་པ་སོགས་མི་རུང་ཞིང་ཆམ་ནད་འགོ་ཉེན་ཆེ།  དུས་ངེས་མེད་དུ་ལག་པ་འཁྲུ་བ་དང་དུག་སེལ་བྱེད་པ་སོགས་ངེས་དགོས།  ཕྱི་ལ་སོང་ནས་ཟ་མ་ཟ་ནའང་ཁ་ཚ་མོའི་རིགས་དང་བྲོ་རྫས་སྣ་མང་འདུས་པ་ཅན་ཉུང་ཙམ་ཟ་དགོས།   ཆམ་ནད་སྔོན་འགོག་བྱེད་པར་རང་ཁྱིམ་ནས་ཆམ་ནད་སྔོན་འགོག་སྐོར་གྱི་སྨན་རིགས་གྲ་སྒྲིག་བྱེད་དགོས་ཤིང་།  རབ་ཡིན་ན་ཚད་ལྡན་སྨན་ཁང་གི་སྨན་པའི་མངག་བཅོལ་གཞིར་བཟུང་ནས་སྨན་འཐུང་བ་ལས།  ནད་ཀྱི་ངོས་འཛིན་གཏན་འཁེལ་མིན་པའི་སྨན་རིགས་འཐུང་ན་བདེ་ཐང་ལ་གནོད།  སྨན་ཁབ་རྒྱག་དགོས་ན་ཡང་དེ་ལ་ཚད་གཞི་ཡོད་པས་ཚད་ལྡན་སྨན་ཁང་བསྟེན་རྒྱུ་ལྷག་པར་གལ་ཆེ།  གལ་ཏེ་ཚ་རྒྱབ་ནས་བཟོད་མི་ཐུབ་པ་དང་།   ལུས་པོ་ཡོངས་ལ་ན་ཟུག་སྐྱེས་པ།   ལུད་རྒྱ་ལངས་ནས་མགོ་ཡུར་འཁོར་བ་སོགས་ཀྱི་གནས་ཚུལ་ཚབས་ཆེན་ཡོད་ན།    སྐབས་ཐོག་ཏུ་གཞུང་གི་སྨན་ཁང་བསྟེན་ནས་སྨན་པའི་བཀོད་འདོམས་ལ་ཉན་ནས་སྨན་བཅོས་བྱེད་པ་ལས།    ནད་ཀྱི་མདུན་དུ་ཨུ་ཚུགས་བྱས་ན་ཆམ་ནད་ཇེ་ལྗིད་ལ་འགྲོ་བས་གཟབ་དགོས།