ཀོང་རྩེད་རའི་པ་རུའམ་ཤིང་ཕོར་གྱི་སྐོར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།



 འཇོལ་རྫོང་ཀོང་རྩེད་རའི་ཡུལ་གྱི་ཞབས་བྲོ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་།གཞས་ཚིག་དང་རྒྱན་གོས་སྤྲས་སྟངས། བྲོ་ཡི་ཉམས་འགྱུར་སོགས་ཕྱོགས་གང་ཅིའི་ཐད་ནས་སྲོལ་རྒྱུན་གྱི་དྲི་མ་ཡལ་ཞིང་མ་ཉམས་རྒྱུན་འཛིན་བྱས་པའི་རྐང་མཐུག་པས་ཀོང་རྩེད་རའི་ཡུལ་ལ་བྲོ་ཡི་ཕ་ས་ཞེས་པའི་མཚན་སྙན་ཐོབ་ཡོད།   གླུ་གར་སྒྱུ་རྩལ་ལས་གཞན་ཡུལ་འདི་ནི་བོད་སྤོས་དང་ཤིང་ཕོར་སོགས་ལག་ཤེས་རིག་གནས་དར་སའི་གནས་མཆོག་ཅིག་ཀྱང་ཡིན་ལ་ཚོང་སྣ་དར་སྔ་བའི་ཡུལ་གྲུ་ཞིག་ཏུ་ཆགས་ཡོད།     

    འདིར་ཁམས་པའི་བརྙན་འཕྲིན་ཁང་ནས་ཀོང་རྩེད་རའི་པ་རུའམ་ཤིང་ཕོར་བཟོ་རྩལ་མཁས་པ་ཡེ་ཤེས་ལགས་ལ་བཅར་འདྲི་བྱས་པའི་བརྙན་ཐུང་ཞིག་བཀོད་ཡོད་པ་ལ།  འདི་ལས་ཀྱང་ལག་ཤེས་པ་ཡེ་ཤེས་ལགས་ཀྱིས་རང་གི་ཕ་ས་དྲོན་མོར་བཅངས་པའི་བརྩེ་སེམས་དང་།  ཕ་མེས་ཡང་མེས་ཀྱི་དུས་ནས་བརྒྱུད་ཡོང་བའི་གཅེས་ནོར་ཉར་ཚགས་བྱས་པའི་སྐོར།    མི་གཞན་ལ་ལག་ཤེས་བཟོ་རྩལ་སྐོར་གྱི་སློབ་ཁྲིད་དང་ཞོར་དུ་གཞན་ལ་རོགས་སྐྱོར་བྱས་པའི་གནས་ཚུལ་བཅས་ལ་རྒྱུས་ལོན་རགས་ཙམ་བྱེད་ཐུབ་པའོ།།