མགོ་ལོག་ཏུ་གེ་སར་རིག་གནས་སྲུང་འཛིན་རྟེན་གཞི་2བཙུཊ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-11   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་གླིང་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་པདྨ་རྫོང་དུ་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི་གཉིས་བཙུགས་ཡོད་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་མཚོ་སྔོན་ཞིང་ཆེན་གླིང་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གེ་སར་སྒྲུང་རབས་ཆེན་མོའི་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དུ་རྟོག་ཞིབ་བྱས་ཏེ་དམངས་ཁྲོད་ཀྱི་གེ་སར་སྒྱུ་རྩལ་ཚོགས་པ་དང་ཁྲིད་སྦྱོང་ཁང་ལ་སོགས་པར་རྒྱུས་ལོན་གསལ་པོ་བྱས་པའི་རྨང་གཞིའི་སྟེང་། གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཁྲོད་ཐོབ་པའི་གྲུབ་འབྲས་དང་ཐེབས་པའི་ཤུགས་རྐྱེན་ལ་གཞིགས་ནས་ལྕགས་རི་ཐང་ཡུལ་ཚོ་དམངས་ཁྲོད་གེ་སར་སྒྱུ་རྩལ་ཚོགས་པ་དང་སྨར་མདོ་གེ་སར་ཕོ་བྲང་པདྨ་ལྷ་རྩེ་གཉིས་ལ་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞིའི་སྒོ་བྱང་བཀལ་བ་རེད།

       པདྨ་རྫོང་དུ་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི་བཙུགས་པ་དེས། མཚོ་སྔོན་ཞིང་ཆེན་གླིང་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་པདྨ་རྫོང་གི་གེ་སར་རིག་གནས་སྲུང་སྐྱོང་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་མཚོན་པ་དང་། པདྨ་རྫོང་གི་གེ་སར་རིག་གནས་སྲུང་སྐྱོང་དང་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། གླིང་སྒྲུང་གི་གཟུགས་འདས་རིག་གནས་ཤུལ་བཞག་དེ་དངོས་ཡོད་འཚོ་བ་དང་འབྲེལ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད་པ། གླིང་སྒྲུང་གི་རིག་གནས་མཚོན་རྟགས་ལ་བརྟེན་ནས་སྣོད་བཅུད་ཡུལ་སྐོར་གྱི་སྟེགས་བུ་བསྐྲུན་ཏེ། མདོག་གསུམ་པདྨའི་གཏམ་རྒྱུད་དེ་སྔར་ལས་ངོ་མཚར་ཆེ་བ་དང་འཐུས་ཚང་དུ་གཏོང་རྒྱུ་སོགས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད།