ཀོང་རྩེད་རའི་སྐོར་བྲོ།

རྩོམ་པ་པོ།   འཇོལ་རྫོང་སྨན་སྦྱོར་ཀུན་འདུས་ལྟེ་གནས།  ཡིག་བསྒྱུར།       དུས་ཚོད།   2022-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 

 ཀོང་རྩེད་ར་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་འབྱུང་སྔ་བའི་ཐ་སྙད་ཅིག་ཡིན་པ་དང་།  ཡུལ་འདིའི་མིང་ལ་སྤམ་རྩེ་རགས་ཞེས་བྲིས་པ་མང་ཞིང་།  ཡང་ཀོང་ཇོ་རྩེད་སའི་ར་བ་ཡིན་པའི་ངག་རྒྱུན་ཅིག་ལས་ཀོང་རྩེད་ར་ཞེས་པའི་མིང་སྙན་མོ་ཞིག་ཀྱང་བཏགས་ཡོད།   བདེ་ཆེན་ཡུལ་དུ་ཀོང་རྩེད་ར་ཞེས་ན་ཅུང་སྙན་གྲགས་ཆེ་བའི་ཡུལ་གྲུ་ཞིག་ཡིན་ཞིང་།    ཡུལ་འདིའི་རྒྱན་གོས་རིག་གནས་ཕུན་སུམ་ཚོགས་ཤིང་།   བོད་སྤོས་དང་ཤིང་ཕོར་བཟོ་རྩལ་ནི་ལྷག་པར་ཉེ་འབྲེལ་ས་གནས་ཀུན་ལ་སྙན་གྲགས་རྒྱས་ཡོད།        

    རིག་གནས་གང་ཞིག་གི་དོན་སྙིང་དང་རིན་ཐང་རྟོགས་ཏེ་དེ་ཉིད་རྩ་བ་ཚུགས་ནས་ལོ་འདབ་རྒྱས་པ་དང་འབྲས་བུ་གཡུར་དུ་ཟ་བ་ལེན་པ་ལ་ཕྱིས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་གནད་ཀྱི་རྩ་བར་ངེས་ཤིང་།  དེ་ལ་བརྟེན་ནས་དར་སྤེལ་དང་གསར་གཏོད་བྱས་པ་ཡིན་ན་མེས་པོའི་དུས་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་སྔར་ལས་ལྷག་པར་གནས་ཤིང་རྒྱས་ཐུབ་པར་འདོད། 

    འདིར་ཁམས་པའི་བརྙན་འཕྲིན་ཁང་ནས་ཀོང་རྩེད་རའི་བྲོ་ཡི་སྒྱུ་རྩལ་ལ་འཇོན་ཐང་ལྡན་པའི་ཨ་མ་ཞུང་གོ་ལན་གྱི་གནས་ཚུལ་ཞིབ་ཕྲ་བརྙན་ལམ་བརྒྱུད་ནས་བཀོད་ཡོད་པས།  འདིས་ཀྱང་སྐུ་ཉིད་ཀྱིས་བདེ་ཆེན་ཡུལ་གྱི་ཞབས་བྲོའི་རིག་གནས་སྐོར་ལ་ཉམས་ཞིབ་རེ་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།