འཇོལ་རྫོང་གི་འབུར་ཐོན་གྲུབ་འབྲས་ལ་ཕྱིར་མིག་ཐེངས་ཤིག་བལྟ་བ།

རྩོམ་པ་པོ།   འཇོལ་རྫོང་སྨྱན་སྦྱོར་ལྟེ་གནས།  ཡིག་བསྒྱུར།       དུས་ཚོད།   2022-01-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   2021ལོ་ནི་ཕར་འདས་ཤིང་།   འདས་ཟིན་པའི་ལོ་ངོ་གཅིག་གི་ནང་དུ་ང་ཚོས་དཀའ་ངལ་མདུན་དུ་བསུས་ཤིང་དཀའ་སྤྱད་འབད་བརྩོན་གྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ཡོད།   ལོ་གཅིག་གི་རིང་ང་ཚོས་མདུན་སྐྱོད་ཀྱི་གོམ་པ་སྤོ་བཞིན་དུས་རབས་གསར་བར་ཡིད་ཚིམ་པའི་བརྡ་ལན་བཏང་ཡོད།    འདས་ཟིན་པའི་ལོ་ངོ་གཅིག་ལ་ཕྱིར་བལྟ་བྱས་པ་ན།   ང་ཚོའི་གམ་དུ་ཡིད་སེམས་འགུགས་པའི་གཏམ་རྒྱུད་ཡོད་ཅིང་།   ཧུར་བརྩོན་དང་སྤྲོ་སྣང་གིས་ཁེངས་པ་སོགས་བརྗེད་དཀའ་བའི་དོན་དག་རབ་དང་རིམ་པ་ཞིག་བྱུང་ཡོད།  


      ཞིང་ཆེན་རིམ་པས་རྒྱལ་ཁབ་འཕྲོད་བསྟེན་རྫོང་གྲོང་བཏོད་པར་ཡོངས་བསྒྲགས་བྱས་པ་དེ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་ཅིག་རེད།འཇོལ་རྫོང་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན་ཞིང་། གཙང་ལ་གྲལ་འགྲིག་པ་དང་། གཙང་སྦྲ་དོད་པའི་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ནི་ང་ཚོའི་ཐུན་མོང་གི་བསམ་འདུན་བཟང་པོ་ཞིག་རེད།  ཤེས་དཔལ་དང་། བདེ་ཐང་། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་ཀྱི་སྒྲིག་ལམ་འཛུགས་རྒྱུ་ནི་ང་ཚོའི་ཐུན་མོང་གི་འབད་འཐབ་དམིགས་ཚད་ཅིག་རེད།  འཕྲོད་བསྟེན་ལམ་བུ་བཏོད་པར་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྙིང་སྟོབས་ཆེར་སྐྱེད་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རང་ཉིད་བདག་པོ་ཡིན་པའི་རྣམ་པའི་ཐོག་ནས་འཕྲོད་བསྟེན་ལམ་བུ་གསར་གཏོད་དང་སྲུང་སྐྱོབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་ཟབ་ཞུགས་བྱས་ཡོད། 

འཕྲོད་བསྟེན་གསར་འཛུགས་ལམ་བུར་བསྐྱོད་པ།                



    ཐོག་མཐའ་བར་གསུམ་དུ་འཇོལ་རྫོང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་ཡག་པོ་བྱས་པས་དུས་བདེའི་འཇོལ་རྫོང་འདི་ཉིད་རྒྱུན་ཆད་མེད་པར་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་ཡོད། 2003ལོ་ནས་2020ལོའི་བར་འཇོལ་རྫོང་ལ“རྒྱལ་ཡོངས་ཀྱི་དུས་བདེ་འཛུགས་སྐྲུན་སྔོན་ཐོན་རྫོང”གི་མཚན་སྙན་བསྟུད་མར་ཐེངས་བཞི་ཐོབ་པ་དང་2017ལོ་དང་2020ལོར་ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱིས“ཁྲང་ཨན་བུམ་པའི”གཟི་བརྗིད་མཚན་སྙན་བསྟུད་མར་ཐེངས་གཉིས་ཐོབ་པ་རེད། 



འཇོལ་རྫོང་གི་གྲུབ་འབྲས་རེ་རེ་ཁྱོད་ཀྱི་བྱས་རྗེས་འདུས་ཡོད།    


     འདམ་རྡོའི་ཆུ་རུད་ཀྱི་ཉེན་སེལ་རོགས་སྐྱོབ་བྱེད་ཡུལ།              


  སྐོར་གཡེང་ལམ་དུ་ཡུལ་སྐོར་བའི་སྲོག་བསྐྱབས་པ།             




པདྨ་རི་བོ་གཙོ་བྱས་པའི་བགྲོད་ལམ་ལ་གཙང་སེལ་བྱེད་པ།               


ཚེ་རིང་གྲགས་པའི་ཁྱིམ་ལ་རོགས་རམ་གནང་བ།        

       ཙུའོ་ལི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་ཡུལ་དེའི་བྱིས་གཉོར་ཁང་ལ་དཔེ་དེབ་དང་།རྩེད་ཆས།  ཡིག་ཆས་སོགས་རིན་ཐང་སྒོར་ལྔ་ཡོད་པའི་ཞལ་འདེབས་ཕུལ་བ། 

 གོ་རིམ་ལྡན་པའི་ངང་ནས་རིམ་འགོག་སྨན་ཁབ་རྒྱག་པ།             


  སློབ་མ་རྣམས་ཀྱིས་རོགས་སྐྱོར་དངོས་རྫས་ལེན་པ།               


 

 2022ལོར་ང་ཚོས་མུ་མཐུད་ནས་དམིགས་ཡུལ་གསར་པའི་ཕྱོགས་སུ་བསྐྱོད་པ་དང་འགོ་ཚུགས་ས་གསར་བ་ཞིག་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་རྒྱུ་ཡིན།   འཇོལ་རྫོང་གི་བྱ་གཞག་ཀུན་དུ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་མི་བུ་ཡོངས་ལ་ལྷག་བསམ་རྣམ་དག་གི་ཐུགས་རྗེ་ཆེ་ཞུས་པ་ལགས།