བོད་ལྗོངས་སུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ་ཕལ་ཆེར་ཁྲི་ལ་ཉེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-10   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་་ལྗོངས་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། བོད་ལྗོངས་སུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ་ཕལ་ཆེར་ཁྲི་ལྷག་ཡོད་པ་རེད། ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་དྭགས་ཡིན་ལ། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་ནས་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་གཞི་རབ་དང་རིམ་པ་དངོས་འབེབས་བྱས་སྟབས། ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་སོང་འདུག །






པར་འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་བར་སྣང་དུ་འཕུར་བཞིན་པའི་ཁྲུང་ཁྲུང་སྐེ་ནག་རེད།