གནམ་སའི་འདྲེས་མཚམས་ཀྱི་པདྨ་རི་བོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-07   རྩོམ་ཁུངས།    སེམས་ཉི་ཟླ་བོད་ཡིག་དྲ་བ།

    གནམ་སའི་འདྲེས་མཚམས་ན་གངས་རི་ཞིག་ཡོད་པ་དེ་ནི་ངའི་སེམས་ཀྱི་རྟེན་ས་ཡིན་ཞེས་པ་དེ་ནི་པདྨ་བོར་བསྟོད་པའི་སྙན་འཇེབས་ཀྱི་གཞས་ཚིག་ཅིག་ཡིན་ལ། གླུ་ཚིག་ལས་ང་ཚོས་ཡུལ་འདིའི་ཡིད་འཕྲོག་གི་མཛེས་པ་ཚོར་ཐུབ། གནས་འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་དགུན་དུས་ཡུལ་སྐོར་གནས་ཡུལ་གཙོ་བོ་སྟེ་པདྨ་རི་བོའི་ལྗོངས་ཁུལ་ཡིན་པ་རེད། 

    པདྨ་རི་བོ་ནི་ཡུན་ལིན་རི་རྒྱུད་ཀྱི་དབུས་རྒྱུད་དུ་ཆགས་ཡོད་ལ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་སྟེ་རང་བྱུང་རྟེན་རྫས་བཤམས་སྟོན་ཁང་ཞེས་པའི་མཚན་སྙན་ཡོད་པ་རེད།  འདི་ནི་བྱང་ནས་ལྷོ་བར་འཇོལ་རྫོང་ཁོངས་ཀྱི་ཤར་རྒྱུད་དུ་འཕྲེད་བཅད་བྱས་ཡོད། འབྲི་ཆུ་དང་རྫ་ཆུའི་ཆུ་མཚམས་འབྱེད་རི་ཡིན་ལ། འཕྲེད་བཅད་རི་རྒྱུད་ཀྱི་དབུས་རྒྱུད་དང་གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བའི་ས་ཁུལ་དུ་ཡིན།

    དགུན་དུས་སུ་ཕྱོགས་བཞིའི་རི་རྩེ་ཁ་བས་གཡོག་ནས་ཞྭ་མོ་དཀར་པོ་གྱོན་ཡོད་པ་ཞིག་དང་གཉིས་སུ་མེད། 

    གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཏུ་བརྗིད་ཀྱིས་འགྱིང་བའི་པདྨ་མ་རི་བོ་མཐོང་མ་ཐག་སྐབས་འདིའི་ངོ་མཚར་མཛེས་པ་ཁྱེད་ཀྱིས་བརྗེད་པར་དཀའ།

    མུ་མཐའ་མེད་པའི་ཁ་བའི་འཇིག་རྟེན་འདིར་བསྐྱོད་པ་ན།  གཏིང་ཟབ་མི་མཉམ་པའི་ཀྱག་ཀྱོག་གི་རྐང་རྗེས་གཉིས་འཇམ་མཉེན་གྱི་ཁ་བའི་ཁྲོད་དུ་དཔར་འདུག་ལ། འདི་ནི་ཁྱོད་པདྨ་རི་བོའི་ལྷིང་འཇགས་ཀྱི་འཇིག་རྟེན་དུ་སྤོས་པ་ཡིན།

    རི་བོའི་རྩེས་ནས་ང་ཚོ་གནམ་ས་གཉིས་ལ་ཆེས་ཁ་ཐག་ཉེ་ལ། ལག་པ་བཀྱག་པ་ཙམ་གྱིས་གནམ་གྱི་མཐིལ་ལ་རེག་ཐུབ། རྐང་བ་དཔྱངས་པ་ཙམ་གྱིས་རི་ཡི་རྩེ་ལ་ཐུག་ཐུབ་པས། འདི་ནི་གནམ་སའི་འདྲེས་མཚམས་ཀྱི་པདྨ་མ་རི་བོ་ཡིན།