སྟག་ལོའི་ལོ་རེས་ཀྱི་སྦྲག་རྟཊ་སེམས་ཀྱི་ཉི་ཟླ་ནས་འགྲེམ་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་1པོའི་ཚེས་5ཉིན་ཀྲུང་གོའི་སྦྲག་སྲིད་སྟག་ལོའི་ལོ་རྟགས་ཞེས་པའི་སྦྲག་རྟགས་དངོས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགྲེམ་སྤེལ་བྱས། སྦྲག་རྟགས་ཆ་ཚང་གཅིག་ལ་སྦྲག་རྟགས་དཔེ་རིས་མི་འདྲ་བ་2ཡོད། དཔེ་རིས་ཀྱི་མིང་སོ་སོ་ནི་རྒྱལ་ཁབ་དར་རྒྱས་དང་བཀྲ་ཤིས་སྟག་ལོ་ཡིན་ལ། སྦྲག་རྟགས་ཆ་ཚང་ལ་སྒོར་2.40ཡིན་པ་རེད།


    འགྲེམ་སྤེལ་བྱས་པའི་ཉིན་དེར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྦྲག་སྒྲུབ་ལ་དགའ་པོ་བྱེད་མཁན་ཚོས་ཞོགས་པ་སྔ་པོ་ནས་རྒྱང་སྐྱོད་ལམ་གྱི་སྦྲག་སྲིད་ལས་གཉེར་ཚོམས་ཆེན་དུ་སྒུག་ཡོད་ལ། ཚང་མས་ཁ་རས་བརྒྱབ་ནས་གཏན་འབེབས་བྱས་པའི་ས་ཁོངས་སུ་གྲ་སྒྲིག་ནས་ཡོད་དེ་ཡུལ་དངོས་ཀྱི་སྒྲིག་ལམ་ཡག་པོ་ཡོད་པ་རེད། དེ་རྗེས་ལས་དོན་མི་སྣའི་སྣེ་ཁྲིད་འོག་ཚང་མས་སྒྲོམ་སྟེགས་མདུན་ནས་སྦྲག་རྟགས་འདེམས་པ་དང་དངུལ་སྤྲད་རྗེས་རང་ཉིད་དགའ་སའི་ལོ་རྟགས་སྦྲག་རྟགས་འཁྱེར་དེ་ཁྱིམ་ལ་ལོག

    ཤེས་རྟོགས་བྱུང་བར་གཞིགས་ན་སྟག་ལོའི་དམིགས་བསལ་སྦྲག་རྟགས་ནི་ཀྲུང་གོའི་ལོ་རྟགས་སྦྲག་རྟགས་ཀྱི་རེས་སྐོར་བཞི་པའི་ཁྲོད་ཀྱི་སྒྲག་རྟགས་ཆ་ཚང་བདུན་པ་ཡིན་ལ། རི་མོ་མཁས་ཅན་སྐུ་ཞབས་ཧྥེང་ཏ་ཀྲུང་གིས་གསར་རྩོམ་བྱས་པ་ཞིག་ཡིན་པ་རེད། སྦྲག་རྟགས་སྟེང་གི་སྟག་གི་རི་མོ་ལ་གསོན་ཉམས་ལྡན་ལ་སྟག་གི་གཤིས་ཀ་འབུར་དུ་ཐོན་ཡོད་ལ།  ཞིབ་ཚགས་ཀྱི་པུར་རྩལ་ལས་དོན་གྱི་མཛེས་པ་མངོན་པར་མཐོན་ཡོད། རེས་སྐོར་བཞི་པའི་སྦྲག་རྟགས་ཀྱིས་ཇུས་འགོད་བསམ་བློ་ནི་"རྒྱལ་ཁབ་"དང་"ཁྱིམ་ཚང་"གཉིས་ཡིན་ལ། པར་རིས་དང་པོའི་རྒྱལ་ཁབ་དར་རྒྱས་ཞེས་པའི་རི་ལ་འགྱིང་བའི་སྟག་གི་བརྗིད་ཉམས་ལས་རྒྱབ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་ཡང་ངོའི་ཟླ་ལྟར་འཕེལ་པའི་ཕུགས་འདུན་ཆེན་པོའི་བློ་སྟོབས་ཤིག་མཚོན་འདུག་ལ།   པར་རིས་གཉིས་པའི་བཀྲ་ཤིས་སྟག་ལོ་ཞེས་པའི་སྟག་གི་རི་མོ་ལས་ཞི་དུལ་གཤིས་འཇམ་གྱི་སྟག་མོས་སྟག་ཕྲུག་གཉིས་ཁྲིད་པའི་དྲོ་སྐྱིད་ལྡན་པའི་རི་མོའི་སྣང་བརྙན་ལས་བུ་རབས་ཚ་རྒྱུད་དར་ཤིང་ཁྱིམ་ཚང་བདེ་སྐྱིད་ལྡན་པའི་རྟེན་འབྲེལ་བཟང་བོའི་ཞིག་མཚོན་ཡོད་པ་རེད།

    སྦྲག་རྟགས་ཆ་ཚང་དེས་“རྒྱལ་ཁབ་དར་རྒྱས”དང་“བཀྲ་ཤིས་སྟག་ལོ”ཞེས་པའི་བརྗོད་དོན་གཙོ་བོས་རྒྱལ་གཅེས་དང་ཁྱིམ་གཅེས་ཀྱི་བརྩེ་སེམས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དང་སྤྱོད་བཟང་བརྒྱུད་བསྒྲགས་བྱས་འདུག