ཡུན་ནན་མགྱོཊ་འཕྲིན་ཐད་གཏོང་གི་སེམས་ཀྱི་ཉི་ཟླའི་རྟེན་གཞི་བཙུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2021ལོའི་ཟླ་12པའི་ཚེས་31ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཝུན་ཆུས་སྲང་ལམ་དུ་ཡུན་ནན་མགྱོགས་འཕྲིན་ཐད་གཏོང་སེམས་ཀྱི་ཉི་ཟླའི་ཡན་ལག་རྟེན་གཞི་སྒོ་བྱང་བཀལ་བ་དང་། དྲ་ཐོག་དང་དྲ་ཕྱི་ཡི་བྲིན་ཚོང་རྣམ་པ་གསར་གཏོད་བྱས་ནས་འཛད་སྤྱོད་རོགས་སྐྱོར་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།

        ཡུན་ནན་གྱི་མགྱོགས་འཕྲིན་ཐད་གཏོང་རྟེན་གཞི་དེ་ཡུན་ནན་ཞིང་ཆེན་གྱི་མགྱོགས་འཕྲིན་གཞུང་ཕྱོགས་ཀྱིས་དབང་ཆ་སྤྲད་པའི་ཐད་གཏོང་རྟེན་གཞི་གཅིག་པུ་དེ་ཡིན། ད་ལྟ་ཁུན་མིང་དང་། རུའེ་ལི། ཐེང་ཁྲུང་། ཞིས་ཧྲོང་པན་ན།སེམས་ཀྱི་ཉི་ཟླར་གློག་རྡུལ་ཚོང་དོན་ཐད་གཏོང་རྟེན་གཞི་བཙུགས་ཡོད། ཐོན་རྫས་ལ་གཡུ་ཡི་ནོར་བུ་དང་།ཇ། ཨ་རག ཤིང་འབྲས།སྨན་རྒྱུ།ཁཱ་ཧྥེ།ཤ་མོ་སོགས་རིགས་ཚུད་ཡོད་པ་དང་། སྲོལ་རྒྱུན་གྱི་ཚོང་པས་གློག་རྡུལ་ཚོང་དོན་ཐད་གཏོང་བྱ་རྒྱུར་རོགས་རམ་བྱས་པ་དང་ཆབས་ཅིག་འཛད་སྤྱོད་པར་ཐོན་རྫས་དེ་བས་ཕུན་སུམ་ཚོགས་པའི་གདམ་ག་སྤྲོད་ཡོད་པ་རེད།

        ཁུལ་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུའུ་ལུང་ཡུན་གྱིས་ཡུན་ནན་མགྱོགས་འཕྲིན་ཐད་གཏོང་སེམས་ཀྱི་ཉི་ཟླའི་ཡན་ལག་རྟེན་གཞི་བསྐྲུན་པ་དེས་བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་བདེ་ཆེན་ནས་ཞིང་ཆེན་ཕྱི་ནང་དུ་ཕྱིར་ཚོང་གི་ལས་སྟེགས་གསར་པ་བསྐྲུན་ནས། སེམས་ཀྱི་ཉི་ཟླའི་ཁེ་ལས་ལ་མ་འཇོག་མཉམ་ལས་བྱེད་མཁན་དེ་བས་མང་བ་བཙལ་ཏེ་སེམས་ཀྱི་ཉི་ཟླའི་ཐོན་རྫས་ལ་ཁག་བགོས་ཚོང་པ་དེ་བས་མང་བ་བཙལ་ནས་བདེ་ཆེན་གྱི་ཁེ་ལས་འཕེལ་རྒྱས་དང་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་རེད།

        ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་།ཁུལ་ཚོང་དོན་ཅུས།ཁུལ་རིག་གནས་ཡུལ་སྐོར་ཅུས།ཁུལ་བུད་མེད་ཁེ་ལས་མཁས་ཅན་གྱི་ཚོང་ཚོགས།གནའ་གྲོང་དོ་དམ་ཨུ་ལྷན།གནའ་གྲོང་ཚོང་ཚོགས་སོགས་སྡེ་ཚན་གྱི་འགན་འཁུར་བ་ཝུན་ཆུས་སྲང་ལམ་དུ་འཛོམས་ནས་སེམས་ཀྱི་ཉི་ཟླ་དང་།འཇོལ་རྫོང་། འབའ་ལུང་རྫོང་། བུད་མེད་གསར་གཏོད་སོགས་དབུལ་སྐྱོར་ཁྱད་ལྡན་ཐོན་རྫས་དང་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་འགྲེམས་ཚོང་བྱས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། དྲ་ཐོག་དང་དྲ་ཕྱི་གཉིས་ཀྱི་ཚོང་གཉེར་བྱེད་སྟངས་འཚོལ་ཞིབ་བྱས་ནས། གྲོང་གསེབ་དང་།ཚོང་ལས།རིག་གནས་བཅས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་།ཐོན་སྐྱེད་དང་།འགྲོ་རྒྱུག ཕྱིར་ཚོང་སོགས་ཀྱི་ལྷུ་ཚིགས་ལེགས་སུ་གཏོང་བ།འཛད་སྤྱོད་རོགས་སྐྱོར་གྱི་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒྱབ་སྐྱོར་བྱེད་ཐབས་དང་།རོགས་སྐྱོར་ཐབས་ལམ།ཕན་འབྲས་རིམ་པ་མང་བ།སྣ་མང་ཅན་བཅས་མངོན་འགྱུར་ཡོང་བ་བྱེད་པ།ཚོང་ལས་ཀྱི་རྣམ་པ་གསར་རྐྱང་ཞིག་འཛུགས་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་།རྒྱ་སྐྱེད་གཏོང་བ།གྲོང་གསེབ་དར་རྒྱས་གཏོང་བ།རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བསམ་འཆར་བཏོན་པ་རེད།