རང་ཁུལ་གྱི་བོད་སྨན་ཞབས་ཞུའི་རྣམ་གྲངས་23སྨན་བཅོས་འགན་བཅོལ་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར་གསར་འགོད་པས་ཁུལ་སྨན་བཅོས་འགན་ལེན་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན་རང་ཁུལ་གྱི་བོད་ལུགས་གསོ་རིག་ཞབས་ཞུའི་རྣམ་གྲངས་23སྨན་བཅོས་འགན་བཅོལ་ནང་བཅུག་ཡོད་པ་རེད། 

        《ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཡུན་ནན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ཀྱི་མི་རིགས་སྨན་པའི་ཞབས་ཞུའི་རིན་གོང་རྣམ་གྲངས་ཀྱི་ཨང་སྒྲིག་གསར་སྣོན་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི་》འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས། ཁུལ་སྨན་བཅོས་འགན་ལེན་ཅུས་དང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཉིས་མཉམ་འབྲེལ་གྱིས་མིག་སྔར་རང་ཁུལ་དུ་འབྲེལ་ཡོད་བོད་ལུགས་གསོ་རིག་རྣམ་གྲངས་ཀྱི་སྨན་བཅོས་སྒྲིག་གཞིའི་མ་གནས་དང་རིན་གོང་ཐོ་འགོད་གནས་ཚུལ་བསྡུ་རུབ་བྱས་ཤིང་། འབྲེལ་ཡོད་རྣམ་གྲངས་ཀྱི་གཞི་རྩའི་མི་ཤུགས་དང་སྒྲིག་ཆས་རྙིང་སྒྱུར། མ་བཅོས་རྒྱུ་ཆའི་རིན་གོང་་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ལ། མི་རིགས་སྨན་བཅོས་རྣམ་གྲངས་ཀྱི་ཞབས་ཞུའི་ནང་དོན་དང་འདྲ་མཚུངས་ཡིན་པའི་ཀྲུང་ལུགས་གསོ་རིག་རྣམ་གྲངས་ཀྱི་རིན་གོང་ཚད་མཐོ་ཤོས་དང་མིག་སྔའི་མཐའ་འཁོར་བོད་འབྲེལ་ས་ཁུལ་གྱི་རིགས་མཐུན་རྣམ་གྲངས་རིན་གོང་ལག་བསྟར་བྱས་ཚུལ་དཔྱད་གཞི་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་སྨན་བཅོས་ལས་ཁུངས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ་བརྒྱུད་བོད་ལུགས་གསོ་རིག་གི་རྣམ་གྲངས་23སྨན་བཅོས་འགན་བཅོལ་ནང་བཅུག་ཐུབ་ཅིང་།  དེ་དག་ལ་དྲི་ཆུར་བརྟག་ཚུལ། ཁྲག་པྲ་བརྟག་ཚུལ། ཟུངས་བུམ། ཚ་དུགས། ཧོར་མེ། རླུང་བདུག་སོགས་ཡོད་ཅིང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རིན་གོང་གཏན་འཁེལ་བྱས་རྗེས་ཀྱི་བོད་ལུགས་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས་རྣམ་གྲངས་ཀ་པ་ལྟར་གཏོང་སྤྲོད་བྱ་རྒྱུ་རེད།