རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-03   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།
རྟའུ་རྫོང་གི་གསེག་མ་གླིང་གའི་མཛེས་ལྗོངས་ཁུལ་ནི་རྟའུ་རྫོང་དཔལ་སྨད་གྲོང་རྡལ་དུ་ཡོད་ལ། ལོ་འགའི་སྔོན་དུ་གནས་འདི་ནི་དཔལ་སྨད་ཀྱི་ཆེས་སྤྱིར་བཏང་གི་ས་ཆ་ཞིག་ལས་མ་འདས་མོད། 2016ལོར་རྟའུ་རྫོང་གིས་གསེག་མའི་གླིང་ག་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དུ་གསར་སྤེལ་བྱས་ཏེ། ལོ་དེའི་ཟླ་བདུན་པར་དངོས་སུ་སྒོ་བྱང་བཀལ་ནས་ལྗོངས་ཁུལ་བཙུགས་ཤིང་ལོ་མཇུག་ཏུ་གཉེར་སྐྱོང་བྱེད་འགོ་བཙུགས་ཤིང་། ཡུལ་སྐོར་བ་དག་ཡོང་ཐེངས་ཇེ་མང་དུ་སོང་བ་བསྟུན་ནས་གསེག་མ་གླིང་གའི་མཛེས་ལྗོངས་ཁུལ་དྲ་གྲགས་ཚོ་ངེས་པར་དུ་འགྲོ་བའི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཏུ་གྱུར་པས། ད་ལོ་ཁོ་ནར་སྤྱི་གླིང་དེར་ཡུལ་སྐོར་བ་མི་ཐེངས་ཁྲི30སྣེ་ལེན་བྱས་ཏེ། ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི1100ལྷག་ཟིན་ཡོད།
ཉེ་བའི་ལོ་འགའི་རིང་ལ། རྟའུ་རྫོང་གིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ལས་ལྷག་ཅེས་པ་དང་གསར་གཏོད་ལ་བརྟེན་ནས་གོང་འཕེལ་གཏོང་བ་དང་མཐུན་སྦྱོར་སྒོས་འཕེལ་རྒྱས་གཏོང་བ། ལྗང་མདོག་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། གསར་སྤེལ་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། མཉམ་སྤྱོད་སྒོས་འཕེལ་རྒྱས་གཏོང་བ་བཅས་ཀྱི་འདུ་ཤེས་བརྟན་པོར་སྲུང་འཛིན་བྱས་ཏེ། སྒོར་ཁྲི་7735དང་སྟོང་6ལྷག་བཏང་ནས་ཁམས་ཕྱོགས་ཀྱི་མཐོ་སྒང་གི་སྐྱེ་དངོས་གླིང་གི་དུས་རིམ་དང་པོའི་རྣམ་གྲངས་འཛུགས་སྐུན་ལས་གཞི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། ཁམས་ཕྱོགས་ཀྱི་མཐོ་སྒང་གསོམ་སྡོང་གི་རྒྱལ་ཁབ་ནགས་ཤིང་སོན་རྒྱུའི་ཐོན་ཁུངས་མཛོད་བཙུགས་ཏེ། ས་བོན་ནང་འདྲེན་དང་གསོ་སྤེལ་བྱེད་པ་བརྒྱུད། སྐྱེ་དངོས་སྔར་ལས་མང་པོ་ཞིག་དཀར་མཛེས་མཐོ་སྒང་དུ་སྐྱེ་རུ་བཅུག ད་ལྟ་གླིང་ཁུལ་འདི་རུ་མཐོ་སྒང་གི་སྦྱར་ཤིང་གི་གསོན་རྒྱུའི་ཐོན་ཁུངས130དང་སྡོང་རྐང་1000ལྷག གསོམ་སྡོམ་གི་གསོན་རྒྱུའི་ཐོན་ཁུངས་5དང་སྡོང་རྐང་ཁྲི་2ལྷག་བཅས་གསོག་ཉར་བྱས་ཡོད།
སྤྱི་ལོ2018ལོར། རྟའུ་ཡི་མི་དམངས་ལ་སྔར་ལས་ཀྱང་དྭངས་ཤིང་གཙང་བའི་འཚོ་སྡོད་ཁོར་ཡུག་ཅིག་བསྐྲུན་ཆེད། རྟའུ་རྫོང་གིས་སྒོར་ཁྲི་2950བཏང་ནས་རྟའུ་ཡི་བརླན་ས་སླར་གསོ་བྱེད་པའི་ལས་དོན་བསྒྲུབས་ལ། ད་ལྟའི་ཁམས་པའི་སྐྱེ་དངོས་གླིང་དང་བརླན་སའི་སྤྱི་གླིང་ནི་ཚན་རིག་ཞིབ་འཇུག་དང་ཚན་རྩལ་ཁྱབ་གདལ། རིག་གནས་མྱོང་རོལ། སྤྲོ་གསེང་ཡུལ་སྐོར་བཅས་གཞི་གཅིག་ཏུ་འཛོམས་ཤིང་། ལུས་སྦྱོང་དང་ལྗོངས་གཟིགས། ངལ་གསོ་བཅས་བྱེད་ཆོག་པའི་གནས་ཤིག་ཏུ་གྱུར་བས། དེ་ནི་རྟའུ་རྫོང་གི་སྐྱེ་ཁམས་ལས་རིགས་ཁྱབ་ཁོངས་ཀྱི་གཞན་ལ་ངོམ་ཆོག་ཆོག་གི་མིང་བྱང་གསར་བ་ཞིག་ཡིན་པ་མ་ཟད། རྟའུ་ཡི་སྐྱེ་ཁམས་འཛུགས་སྐྲུན་དང་ཁུལ་ཁོངས་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་གཏོང་བའི་སྒུལ་ཤུགས་སུ་གྱུར་ཡོད་ལ། རྫོང་ཁོངས་ཡོངས་སུ་ཁྱད་ལྡན་གྱི་གྲོང་ཁྱེར་བསྐྲུན་པ་དང་གྲོང་ཁྱེར་གྱི་གཟི་དཔལ་ཁྱབ་བསྒྲགས་བྱེད་པ། གྲོང་ཁྱེར་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱེད་པ་བཅས་ལ་བྱེད་ནུས་མི་དམན་པ་འདོན་བཞིན་ཡོད།
རྟའུ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འགན་ཁུར་བས་བཤད་རྒྱུར། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ལས་ལྷག་པས། གཞུག་ཕྱོགས་ཀྱི་ལས་དོན་ཁྲོད་དུ་རྟའུ་རྫོང་གིས་སྐྱེ་ཁམས་འཕེལ་རྒྱས་གཏོང་བ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཞབས་འདེགས་དང་། སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བར་སྣེ་འཁྲིད་ཅིང་། དཔལ་འབྱོར་གོང་འཕེལ་གཏོང་བ་དམིགས་འབེན་དུ་བཟུང་ནས། མང་ཚོགས་ཕྱུག་ཅིང་སྐྱེ་ཁམས་མཛེས་པའི་རྩ་དོན་གཞིར་འཛིན་པ་དང་། ཁུལ་གཅིག་དང་གནས་གཉིས། གླིང་ཁུལ་གཉིས། ཁུལ་ཁོངས་ཡོངས་བཅས་ཀྱི་འཕེལ་རྒྱས་བསམ་བློ་གཞིར་བཟུང་སྟེ། ནགས་ལས་དང་ཡུལ་སྐོར་ལས་རིགས་གཉིས་མཉམ་འདྲེས་སྒོས་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་གསུངས།