སྐད་འཕྲིན་གྱིས་བྱེད་ནུས་འདི་བཏོན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-03   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

        དྲ་གྲོགས་མང་པོས་བཤད་པ་ལྟར་ན། སྐད་འཕྲིན་གྱི་PCམཁོ་སྤྲོད་མཐའ་སྣེ་རིམ་སྤར་གསར་ཤོས་བྱས་རྗེས།Windowsདང་ macOSཔར་གཞི་ཚུད་པའི་པར་གཞི་ཚང་མས་རང་འགུལ་སྒྲིག་ཆས་དེར་ཐོ་ཞུགས་བྱེད་པར་རྒྱབ་སྐྱོར་ཐུབ་ཡོད་ལ། རྒྱུན་སྤྱོད་སྒྲིག་ཆས་སུ་ཐོ་ཞུགས་བྱས་རྗེས་ལག་ཁྱེར་ཁ་པར་གྱིས་གཏན་འཁེལ་བྱེད་མི་དགོས།

        མིག་སྔར་སྐད་འཕྲིན་གྱིས་དུས་མཉམ་དུ་གློག་ཀླད་དང་ངོས་སྙོམས་གློག་ཀླད། ལག་ཐོགས་ཆུ་ཚོད་སོགས་ལ་ཐོ་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

图片


图片

     Windows / macOSཡི་སྐད་འཕྲིན་ལ་ཐོ་ཞུགས་བྱས་རྗེས། ལག་ཁྱེར་ཁ་པར་གྱི་སྐད་འཕྲིན་ནང་གི་སྐད་འཕྲིན་ཐོ་ཞུགས་བྱས་ཟིན་ཞེས་པའི་ཡིག་བྱང་མནན་ན། འཆར་ངོས་སུ་རང་འགུལ་སྒྲིག་ཆས་དེར་ཐོ་ཞུགས་བྱེད་པ་ཞེས་པའི་གདམ་ག་ཞིག་གསར་དུ་མངོན་པ་དང་། སྤྱོད་མཁན་གྱིས་གདམ་ག་བྱས་ན་ཆོག

     དེ་མིན་རང་འགུལ་ཐོ་ཞུགས་བྱེད་ནུས་ལག་ཁྱེར་ཁ་པར་སྟེང་ནས་ཁ་འགྱེད་པའམ་སྒོ་རྒྱག་ཐུབ་ལ། PCསྟེང་དུ་སྒོ་རྒྱག་བྱེད་ཁོ་ན་མ་གཏོགས་མེད། PCསྟེང་གི་སྒྲིག་བཀོད་དྲ་ངོས་སུ་སྒོ་ཕྱེ་རྗེས་གློག་ཀླད་འདིའི་སྟེང་དུ་སྐད་འཕྲིན་ཐོ་ཞུགས་བྱེད་པར་ལག་ཁྱེར་ཁ་པར་སྟེང་ནས་གཏན་འཁེལ་བྱེད་མི་དགོས་ཤིང་། ལག་ཁྱེར་ཁ་པར་དང་གློག་ཀླད་སྟེང་ནས་སྒོ་རྒྱག་ཐུབ་ཅེས་པའི་ཡི་གེ་འཆར་གྱི་ཡོད།

     སྤྱོད་མཁན་གྱིས་PCསྟེང་སྐད་འཕྲིན་ཐོ་ཞུགས་བྱས་རྗེས། ལག་ཁྱེར་ཁ་པར་གྱིས་ཀྱང་བརྡ་འཕྲིན་བཏང་ནས་དྲན་སྐུལ་བྱེད་ཀྱི་ཡོད།