བདེ་ཆེན་གྱི་ཡུལ་མིས་2022ལོའི་ལོ་གསར་ཤིས་ཚིག་ལ་གྲོས་བསྡུར་བྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱས་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། འཇང་རིགས། དབྱིས་རིགས། ལི་སུའུ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་བྱུང་ཡོད། ད་ལོར་ལོ་58་ལ་སླེབས་པའི་དབྱང་ཞང་ཀྲེན་གྱིས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུས་པ་དང་ཁོང་གིས་ད་ཆ་སྡེ་ཁུལ་དུ་ལྟ་ཀློག་ཁང་། རྒན་རྒོན་གྱི་གཅེས་སེམས་ཟ་ཁང་སོགས་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པས་ང་ཚོའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ལྟ་བུ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་རྩ་བ་ཚུགས་ཡོད་ཅེས་བཤད་པ་རེད།

        བདེ་ཆེན་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་རེན་ཨན་ལམ་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཀྲང་ཁྲའོ་ཡུན་གྱིས་མེ་གསོད་བཀོད་འཐབ་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འབད་འཐབ་བྱ་རྒྱུ་ཡིན་ཞེས་བཤད།

        ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་དེ་ཧ་ཅང་དྲོ་སྐྱིད་ལྡན་པ་ཞིག་ཡོད་པ། ང་ཚོས་ཉན་རྗེས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། འདས་ཟིན་པའི་ལོ་གཅིག་ནང་ང་ཚོའི་འཚོ་བ་ཚ་ཚ་འུར་འུར་ངང་སྐྱེལ་བ་དང་རྒུན་འབྲུམ་ཐོན་འབབ་ཡག་པོ་བྱུང་ནས་ཚང་མར་འབབ་འཕར་བྱུང་ཡོད། འཇོལ་རྫོང་གསལ་ནང་གི་གྲོང་མི་རིན་ཆེན་ཚེ་རིང་གིས་བཤད་པ་རེད། ཡུན་རིང་མ་སོང་གོང་རིན་ཆེན་ཚེ་རིང་གིས་ད་དུང་ཁ་ལོ་བའི་ལག་ཁྱེར་རྒྱུགས་འཕྲོད་ནས་མཐར་ཁྱིམ་གྱི་རླངས་འཁོར་དང་ཞིང་སྤྱོད་རླངས་འཁོར་གཏོང་ཐུབ་པ་བྱུང་བ་དང་ཁོང་གིས་འདི་ལོ་སླར་ཡང་ཚབ་བྱེད་རླངས་འཁོར་ཞིག་ཉོ་རྩིས་ཡོད་པ་རེད།

        འཇོལ་རྫོང་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཅ་སུང་གིས་ལུས་རྩལ་དགེ་རྒན་ཞིག་ཡིན་པའི་ངོས་ནས་ད་ལོ་གྲུབ་འབྲས་མང་པོ་ཐོབ་པ་དང་འཇོལ་རྫོང་སློབ་འབྲིང་ལ་ཡུན་ནན་ཞིང་ཆེན་གྱི་སློབ་རའི་ལན་རྩེད་སྤོ་ལོའི་རིམ་བཞིའི་མཉམ་འགྲན་གྱི་སྐྱེས་པའི་ཨང་དང་པོ་དང་བུད་མེད་ཨང་གཉིས་པའི་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་ཡོད། ལོ་གསར་གྱི་ཤིས་ཚིག་གཟིགས་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྟབས་བདེའི་སྐད་ཆའི་ཐོག་ནས་རང་རྒྱལ་ལ་ལོ་གཅིག་ནང་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་གནང་བ་དང་སྐད་ཆ་ཁ་ཤས་ཧ་ཅང་ཉུང་ཡང་བརྗིད་ཉམས་ལྡན་པ་ཞིག་ཡོད། ལོ་གསར་པའི་ནང་ངས་སློབ་མ་ཚང་མར་སྦྱངས་འབྲས་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།