རྐང་དྲི་སེལ་ཐབས་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-31   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        རིགས་གཅིག་མཁས་པས་རྐང་དྲི་སེལ་དགོས་ན་རྐང་པའི་གཙང་སྦྲར་དོ་སྣང་བྱས་ནས་ཉིན་ལྟར་རྐང་པ་ཆུ་ཚ་པོའི་ནང་སྦང་སྟེ་འཁྲུ་དགོས་པ་དང་། བུ་ག་ཡོད་པའི་ལྷམ་གྱོན་དགོས་པ། རྐང་ཤུབས་དང་ལྷམ་ཉི་ལྷགས་འོག་བཀྲམས་ནས་སྐམ་ཤས་རྒྱུན་འཁྱོངས་བྱེད་དགོས་པ། ཁྱིམ་ཚང་གཅིག་ནང་རྐང་དྲི་ཡོད་པ་རྩ་བཅོས་ཀྱིས་ཁྱིམ་མི་གཞན་ལ་མ་འགོས་པ་བྱེད་དགོས། རྐང་དྲི་སེལ་ཐབས་ཐད་ཀྲུང་ལུགས་གསོ་རིག་ལྟར་ན།

        1.རྐང་དྲི་དང་རྐང་ཤུ་ཐོན་པར་སྒོག་པ་ལྡུར་མ་བཟོས་ནས་དྲག་སྐྱེད་མ་བྱུང་བར་མུ་མཐུད་རྐང་པར་བྱུགས་དགོས་པ།

        2.ཤ་གསོས་གང་རུང་ཞིག་ལ་ཟ་ཚུའུ་བསྲེས་ནས་སྐྱོ་མ་ལྟར་བཟོས་ཏེ་རྐང་པར་བྱུགས་ན་རྐང་ཤུ་དང་རྐང་དྲིར་བཅོས་ནུས་གང་ཙམ་ཐོན་ཐུབ་པ།

        3.ཇའེ་ཙེའི་རྩ་བ་ཚྭ་ཆུའི་ནང་བཙོས་ནས་དེའི་ཁུ་བ་གྲང་བསངས་བཏང་རྗེས་རྐང་པ་བཀྲུས་ན་རྐང་དྲི་སེལ་ཐུབ།

        4.དབྱར་ཁ་རྐང་ཤུ་ཐོན་ན་སྔོན་ལ་རྐང་པ་གཙང་མ་བཀྲུས་ནས་བསྐམས་རྗེས་ཧྥུང་ཡིའུ་ཅིང་ཉིན་རེར་ཐེངས་གཉིས་བྱུགས་དགོས་པ་དང་། ཉིན་འགའ་བསྟུད་མར་བྱུགས་དགོས།

        5.རྐང་ཤུ་ཐོན་ནས་དྲི་མ་ངན་པོ་ཁ་བ་དང་ཆུ་སོབ་ཐེབས་པའི་རྐང་པར་ཐ་མག་གི་ཐལ་བ་འཕུར་ན་རྐང་པ་སྐམ་ཤས་ཆེ་རུ་འགྲོ་བ་དང་མཛུབ་གསེབ་ཀྱི་ཟ་འཕྲུག་འཇགས་པ་དང་དྲི་མ་ཆུང་དུ་གཏོང་ཐུབ།

        6.ལོ་མང་རྐང་དྲི་ཡོད་པའི་རྐང་པ་གཙང་མར་བཀྲུས་རྗེས་སོ་སྨན་བྱུགས་ནས་འཕུར་དགོས་པ་དང་། དུས་ཚོད་རིང་པོ་རྒྱུན་འཁྱོངས་བྱས་ན་དྲི་ངན་རྩ་བཅོས་ཐུབ།