སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲོག་ཁུལ་སྐོར་སྐྱོད་ཏང་གི་སློབ་གྲྭ་ཡིས་མི་རིགས་མཐུན་སྒྲིལ་ཡར་མཐུན་དཔེ་སྟོན་ཁུལ་གཏོད་པ་ལ་སྐུལ་འདེད་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།  སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཏང་གི་སློབ་གྲྭ་ཡིས་འབྲོལ་ཁུལ་གྱི་སྐོར་སྐྱོད་ཏང་གི་སློབ་གྲྭ་གཞི་རྟེན་དུ་བྱས་ཏེ་བོད་རྒྱ་སྐད་གཉིས་ཀྱིས་རྣམ་པས་འབྲོག་ར་དང་རི་མཐོ་གྲོག་རོང་།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ལྷག་གི་དབྱར་རྩ་དགུན་འབུའི་རི་སོགས་སུ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན།  ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་གཏོང་བ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

        སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཏང་གི་སློབ་གྲྭའི་འབྲོག་ཁུལ་སྐོར་སྐྱོད་ཏང་གི་སློབ་གྲྭ་ཡིས་ཏང་གི་གསུང་སྒྲ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ་བ་དང་ཞིང་འབྲོག་ས་ཁུལ་གྱི་ཏང་ཡོན་མང་ཚོགས་ལ་སེམས་ཀྱི་ཉི་ཟླའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ།  མི་རིགས་སོ་སོའི་ཐུན་མོང་གི་བསམ་བློའི་རྨང་གཞིར་མདོ་འདུ་བྱས་ནས་མང་ཚོགས་དག་གིས་བློ་སེམས་གཅིག་མཐུན་གྱིས་བསམ་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པར་སྣེ་ཁྲིད་དེ་ཞིང་འབྲོག་པའི་ཏང་ཡོན་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་རེད། 

        ཉེ་བའི་ལོ་ཤས་རིང་།  སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཏང་གི་སློབ་གྲྭ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ།  ཕྱོགས་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན།  ཁུལ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པ་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་།  གསར་གཏོད་ལས་ཀའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་ཏང་གི་སློབ་གྲྭའི་ལས་བྱེད་པ་གསོ་སྐྱོང་དང་བསམ་བློའི་སྣེ་ཁྲིད།  རིགས་གཞུང་འཛུགས་སྐྲུན།  ཐབས་ཇུས་བློ་འདྲི་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། རྩེ་རིམ་ཇུས་འགོད་དང་སློབ་ཁྲིད་ཚན་ཞིབ།  དྲིལ་བསྒྲགས་སློབ་གསོ།  དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཐད་ལ་མདོ་འདུ་གཏིང་ཟབ་བྱས་པ།  གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མ་མཱ་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་དང་ཆོས་ལུགས་ལྟ་བའི་དད་ལྡན་བྱེད་མཁན་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་ལག་ལེན་བྱེད་མཁན།  མི་རིགས་མཐུན་སྒྲིལ་གྱི་སྲུང་སྐྱོང་བྱེད་མཁན་སོགས་རྡུང་བཟོ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་བཏོན་པ་དང་།  སྔར་ལས་ལྷག་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མི་དམངས་མང་ཚོགས་ཁྲོད་རྩ་བ་སར་ཚུགས་པ་དང་བྱས་འབྲས་སྨིན་པར་སྐུལ་འདེད་བཏང་བ།  ཕྱོགས་ཡོངས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་ཀ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་གཏིང་ཟབ་དང་ཡུན་རིང་སྐུལ་འདེད་བཏང་ཡོད་པ་རེད།