དགུན་དུས་ཀྱི་གྲི་གུ་མཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-29   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

1392790_yis_1638892800000_s.jpg

    གྲི་གུ་མཚོ་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་ཁོངས་སུ་གནས་ཤིང་། མཚོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་70ཙམ་ཟིན་པ་དང་ཆ་སྙོམས་གཏིང་ཚད་སྨི་20ཙམ་ཟིན་ཡོད། གྲི་གུ་མཚོ་ལས་རྩྭ་རར་ཆུ་སྣ་འཛོམས་པ་དང་རི་སྐྱེས་སྲོག་ཆགས་དང་འབྲི་གཡག་སོགས་སྒོ་ཕྱུགས་ཀྱང་དེ་གར་རང་བྱུང་འབྲོག་རར་རོལ་ཐུབ་པ་བྱུང་ནས་རང་བྱུང་ཁོར་ཡུག་དང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་མངོན་ཡོད། འདི་ནི་མཚོ་དང་། གངས་རི། རི་སྐྱེས་སྲོག་ཆགས་བཅས་ཕན་ཚུན་མཛེས་ཆོས་སུ་གྱུར་པའི་དགུན་དུས་ཀྱི་གྲི་གུ་མཚོའི་རྣམ་པ་ཡིན་པ།