གངས་རླུང་འཁྱག་པོའི་ཁྲོད་རང་གི་ལས་གནས་སྲུང་མཁན་ལ་གུས་འདུད་ཞུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        དེ་སྔོན།ཁ་བ་ཆེན་པོ་བབས་སྐབས་པད་མ་རི་བོའི་ལམ་འགོག་པ་ནི་ཧ་ཅང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན།སྔོན་ཆད་ཀྱི་འཇོལ་རྫོང་ལ་མཚོན་ན། དགུན་དུས་སུ་ཕལ་ཆེར་འཇིག་རྟེན་འདི་དང་འབྲེལ་ཐག་ཆད་ཡོད་ཅེས་བཤད་ཆོག སྐབས་དེར་འགྲོ་ལམ་གུ་དོག་པ་མ་ཟད།Yཡི་གངས་ལམ་སྤྱི་ལེ་བཅུ་ཕྲག་ཁ་ཤས་བརྒལ་དགོས་ལ། ཁ་བ་ཕྱགས་སྟངས་ཡང་སྟབས་བདེ་བའི་ས་འཕུལ་འཕྲུལ་འཁོར་ཆུང་གྲས་ཁོ་ན་ལས་མེད་པས།ཁ་བ་ཆེན་པོ་བབས་སྐབས་དུས་ཡུན་ཟླ་བ་ཁ་ཤས་ཙམ་གྱི་ལམ་འགོག་སྲིད། ད་ལྟ་ང་ཚོས་པད་མ་རི་བོའི་བགྲོད་ལམ་དེ་གངས་ཀྱིས་བཀག་པའི་གནས་ཚུལ་ཐོས་རྒྱུ་ཧ་ཅང་ཉུང་ཉུང་རེད།དེ་ནི་ང་ཚོའི་གཞུང་ལམ་འགྲིམ་འགྲུལ་སྒྲིག་ཆས་ལེགས་སུ་ཕྱིན་པ་ལས་བྱུང་བ་ཞིག་ཡིན་པ་དང་།གཞན་གཞུང་ལམ་བདག་སྐྱོང་བྱེད་མཁན་གྱིས་གྲང་ངར་དང་ཉེན་ཁ་ལ་མ་འཛེམས་པར་གངས་རིའི་ཐོག་སྔོན་ཐོན་གྱི་འཕྲུལ་ཆས་ཆེ་གྲས་སྤྱད་དེ་ལམ་བཤངས་ནས་ཤར་བགྲོད་ཐུབ་པ་བྱེད་ཀྱི་ཡོད།ཁོ་ཚོས་རང་ཉིད་ཀྱི་དཀའ་བ་མ་འཛེམ་པར་ཚང་མའི་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པར་རང་ཉིད་ཀྱི་ནུས་ཤུགས་ཡོད་དགུ་འབུལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གནམ་གཤིས་གྲང་མོའི་ཤུགས་རྐྱེན་གྱི་དབང་གིས་ཟླ12པའི་ཚེས26ཉིན་ལ།འཇོལ་རྫོང་ཁོངས་སུ་སླར་ཡང་ཁ་བ་བབས་ནས་འཇོལ་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱི་བདག་སྐྱོང་བྱེད་པའི་ཡུན་བོད་གཞུང་ལམ་གྱི་G214ལམ་ཐིག་གི་པད་མ་རི་བོའི་ལམ་དུམ་དུ་ཚད་གཞི་མི་འདྲ་བའི་གངས་འཁྱགས་ཐེབས་པས།འགྲོ་ལམ་བདེ་འཇགས་དང་མི་དམངས་མང་ཚོགས་འགྲོ་སྐྱོད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་པ་རེད།གེགས་བར་གནས་ཚུལ་གྱི་མདུན་དུ་འཇོལ་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱི་འཕྲལ་སྡོམ་ཤར་གཏོང་རུ་ཁག་གིས་དུས་ཐོག་ཏུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལམ་བུ་ཤར་གཏོང་བྱས་པ་རེད།

    ས་བབ་མཐོ་ཚད་སྨི་4000ཙམ་ཡོད་པའི་པད་མ་རི་བོའི་ཐོག་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་9ལ་སླེབས་པ་དང་།ཏང་དར་ཞིག་གྲང་རླུང་ཁྲོད་ལྷབ་ལྷུབ་ཏུ་གཡོ།ལི་ཝང་གི་མཚོན་རྟགས་ཡོད་པའི་གྱོན་ཆས་གྱོན་པའི་ལམ་སྐྱོང་པ་ཚོ་གྲང་ངར་ལ་མ་འཛེམས་པར་བྲེལ་འཚུབ་ངང་ལས་ལ་བྲེལ་བ་དང་།ཤར་བགྲོད་འཕྲལ་རྒོལ་རུ་ཁག་དང་།ཀོང་རྩེད་ར།གྲོང་ཁྱེར་དོ་དམ་སོཌ་ཀྱི་ལས་བཟོ་དང་ལས་བགོས་མཉམ་ལས་བྱས་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་མཆིས།ཤར་གཏོང་ཐུབ་པའི་འགན་ལེན་ལས་དོན་སྤེལ་རིང་འཇོལ་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱི་ཀྲི་པུའུ་ཁག་གི་ཏང་ཡོན་ཚོས་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་མཉམ་དུ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་།སྔོན་ལ་མཆོང་བ།གངས་རླུང་དང་གྲང་ངར་ཁྱད་བསད་བྱེད་པ།དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།བྱ་སྤྱོད་དངོས་ཀྱི་ཐོག་ནས“གཞུང་ལམ་ཡག་པོ་གསོ་བ་དང་།ཤར་གཏོང་འགན་ལེན་བྱེད་པ།མི་དམངས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་ཐོག་མའི་བསམ་གཞི་དང་ལས་འགན་ལག་ལེན་བསྟར་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།

    ཆུ་ཚོད་གསུམ་ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད་ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡི་བར་གངས་སྐྱོན་ཕོག་པའི་ལམ་དུམ་བུ་བདེ་བླག་ངང་ཤར་གཏོང་ཐུབ་ཡོད་པ་རེད།ཚེས་27ཉིན་གནམ་གཤིས་མུ་མཐུད་གྲང་དུ་སོང་བ་དང་གངས་རི་ལམ་དུམ་བུར་རྒྱུན་མཐུད་ངང་གངས་འཁྱགས་ཐེབས་ཡོད།གསར་འགོད་པས་རྩོམ་ཡིག་སྤེལ་སྐབས་ང་ཚོའི་ལམ་སྐྱོང་མི་སྣས་གངས་རིའི་ཐོག་མུ་མཐུད་ཆུ་ཚོད་ཁ་ཤས་འབད་འཐབ་བྱས་པ་དང་གསར་འགོད་པས་རྩོམ་ཡིག་མ་སྤེལ་གོང་གངས་རིའི་ལམ་དུམ་བུ་ཤར་གཏོང་ཐུབ་ཡོད་པ་རེད།