ཀན་ལྷོ་ཡིས་སྐྱེ་ཁམས་ཐོན་རྫས་ལ་བརྟེན་ནས་ཁོངས་ཡོངས་ཡུལ་སྐོར་མཐོར་འདེགས་སུ་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

3.jpg

4.jpg


པར་འདི་གཉིས་ནི་ཀན་ལྷོའི་མངའ་ཁོངས་ཀྱི་རང་བྱུང་མཛེས་ལྗོངས་ཡིན།

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ནོར་ལུག་ཕག་པ་དང་། ཤིང་ཏོག སྔོ་ཚལ། ཤ་མོ། སྨན་རྫས”བཅས་ཀྱི་ཁྱད་ལྡན་ཐོན་ལས་ཆེན་པོ་བརྒྱད་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། ཕྱུགས་རྒྱུད་སྤེལ་བར་འཚམ་པའི་ལག་རྩལ་ཁྱབ་གདལ་བཏང་སྟེ་འབྲི་གཡག་དང་བོད་ལུག་གསོ་སྤེལ་གྱི་ལྟེ་བའི་ཁྱུ་ཚོགས་ཀྱི་གྲངས་འབོར་ཇེ་མང་དུ་བཏང་བ་རེད། ཁྱད་ལྡན་འདེབས་འཛུགས་ལས་རིགས་དེ་ཐོན་ཚད་འཕར་སྣོན་ནས་སྤུས་ལེགས་ཕྱོགས་སུ་བསྒྱུར་བ་དང་། དཔལ་འབྱོར་སྐྱེ་དངོས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི45.6ཟིན་ཏེ། བོད་ལུགས་དང་ཀྲུང་ལུགས་སྨན་རྩྭ་དང་མཐོ་སྒང་གི་དབྱར་ཁའི་སྔོ་ཚལ། བཟའ་བྱའི་ཤ་མོ་བཅས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་ཐོན་པ་རེད།

ཀན་ལྷོ་ཁུལ་ནི1953ལོའི་ཟླ10པར་བཙུགས་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུ་ཡི་གྲས་ཤིག་ཡིན་ཞིང་། མཚོ་བོད་མཐོ་སྒང་གི་བྱང་ཤར་མཐའ་མཚམས་ཀྱི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི3000ཡན་ཟིན་ཡོད། སྤྱི་ཚོགས་རིག་པ་གྲགས་ཅན་སྐུ་ཞབས་ཧྥེ་ཞའོ་ཐུང་གིས1985ལོར་ཀན་ལྷོ་རུ་རྟོག་ཞིབ་གནང་སྐབས། ཀན་ལྷོ་ནི“མཚོ་བོད་མཐོ་སྒང་གི་སྐར་ཁུང”དང“བོད་རིགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་མཆོང་སྟེགས”རེད་ཅེས་བསྟན།

        ཀན་ལྷོའི་འབྲི་གཡག་དང་ཀན་ལྷོའི་བོད་ལུག་སོགས་ཀྱི་སྤུས་རྟགས21“ཀན་ལྷོའི་བྲོ་བ”ཞེས་པའི་དཀར་ཆག་ནང་ཚུད་པ་དང་། ‘ཀྲུང་གོའི་འབྲི་ཡི་འོ་མའི་གྲོང་ཁྱེར’གྱི་ཟོང་རྟགས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཡོད། ཀན་ལྷོ་ཡིས“ཡོད་པ་ལྔའི”ཆེད་ལས་མཉམ་ལས་ཁང2388སྐྱེད་སྲིང་བྱས་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཔེ་སྟོན་ཁང141བཙུགས་ཡོད་པ་མ་ཟད། རིག་གནས་ཡུལ་སྐོར་ཕྱོགས་ཀྱི“བཅུ་བརྒྱ་སྟོང་ཁྲི”རྣམ་གྲངས་ལག་བསྟར་བྱེད་མགོ་ཚུགས་ནས་རིག་གནས་ཡུལ་སྐོར་ཚད་ཤིང་གྲོང་ཚོ17དང་ཁོངས་ཡོངས་ཡུལ་སྐོར་ཆེད་ལས་གྲོང་ཚོ103། སྤུས་ལེགས་ཡུལ་མིའི་སྡོད་ཁང་དང་སྐར་མ་རིམ་པའི་ཞིང་པའི་སྤྲོ་སྐྱིད་ཁང3000ལྷག་གང་སར་ཁྱབ་ཡོད།

བསྡོམས་རྩིས་ལྟར་ན། ད་ལོ་ཀན་ལྷོ་རུ་ཡུལ་སྐོར་བྱེད་པའི་མི་གྲངས་དང་ཕྱོགས་བསྡུས་ཡོང་འབབ་མི་ཐེངས་ཁྲི2000དང་སྒོར་དུང་ཕྱུར100ལས་བརྒལ་བ་དང་། བོད་སྨན་ལུས་གསོ་དང་། གཞི་གྲངས་ཆ་འཕྲིན། བགྲོད་ལམ་ཟོག་འགྲེམས། ནུས་རྒྱུ་གཙང་མ་སོགས་ཀྱི་གསར་དར་ཐོན་ལས་མང་པོ་བཀོད་སྒྲིག་བྱས་པས་ཐོན་ལས་འབྲེལ་འདྲིས་བྱེད་ཚད་དང་མཉམ་འདྲེས་བྱེད་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད། མིག་སྔའི་བར་དུ་ཡུལ་སྐོར་གྱི་སྤུས་ལེགས་ཡུལ་སྐོར་ལམ་ཐིག8བཏོད་པ་དང་། འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི“ཡུལ་སྐོར་གྱི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན”100ཡི་ནང་ཀན་ལྷོ་ཁུལ་གཅིག་པུ་རིགས3ནང་ཚུད་ཡོད་པས། ཨེ་ཤེ་ཡའི་ཡུལ་སྐོར་གྱི“བྱུ་རུ་དམར་པོ”ཡི་བྱ་དགའ་དང་། “དགའ་བསུ་ཐོབ་པའི་རིག་གནས་ཡུལ་སྐོར་བྱེད་ཡུལ་བཅུ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

        མ་འོངས་པར། ཀན་ལྷོ་ཁུལ་གྱིས“ནོར་ལུག་ཕག་པ་དང་། ཤིང་ཏོག སྔོ་ཚལ། ཤ་མོ། སྨན་རྫས་བཅས་ཀྱི”ཁྱད་ལྡན་ཐོན་ལས་ཆེན་པོ་བརྒྱད་ཀྱི་འཕེལ་རྒྱས་ཐད་ཤུགས་བསྣན་ནས། འབྲི་གཡག་དང་བོད་ལུག སྤུས་ལེགས་ནས་དང་། མཐོ་སྒང་གི་དབྱར་ཁའི་སྔོ་ཚལ། ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ། ཤ་མོ་སོགས་སྤུས་ལེགས་ཐོན་ལས་ཀྱི་ལས་སྣོན་ཞིབ་ཚགས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཞིང་ཕྱུགས་ཐོན་ལས་ཀྱི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རེད། ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ལེགས་ཡུལ་སྐོར་ལམ་ཐིག་ཧུར་ཐག་གིས་གཏོད་པ་དང་། ཡུལ་སྐོར་གྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱེད་པ། རིག་གནས་དང་ཡུལ་སྐོར། རང་བྱུང་ཐོན་ཁུངས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཁོངས་ཡོངས་ཡུལ་སྐོར་སྤུས་ཚད་ཀྱི་རིམ་པ་ཇེ་མཐོ་རུ་གཏོང་རྒྱུ་རེད།

        མ་འོངས་པར་ཀན་ལྷོ་ཁུལ་གྱིས་སློབ་གྲྭ་ཆེན་མོ་དང་ཚན་རྩལ་ཞིབ་འཇུག་སུའོ། ཚན་རྩལ་ཅན་གྱི་ཁེ་ལས་ཀྱིས་ཐོན་སློབ་ཞིབ་གསུམ་མཉམ་ལས་བྱས་ནས་རི་སྐྱེས་ཤ་མོ་དང་། ནས་ཀྱི་ས་བོན་འདེམས་གསོ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཞིབ་འཇུག་གསར་སྤེལ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་སོགས་ཀྱི་ཐད་འཕེལ་རྒྱས་གསར་བ་ཡོང་བར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུ་རེད། གཞན་ཡང་རྒྱལ་ཁབ་སོགས་ཁེ་ལས་སྤུས་ལེགས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་དང་ལག་རྩལ། ཤེས་ལྡན་མི་སྣ་བཅས་ནང་འདྲེན་བྱས་ཏེ་ཀན་ལྷོའི་འབྲི་གཡག་དང་འོ་མའི་ཐོན་རྫས་རྩེ་གྲ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། ཤེས་ལྡན་པ་གསོ་སྦྱོང་དང་སྟབས་བསྟུན་ནང་འདྲེན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལུགས་མཐུན་གྱི་གླ་ཕོགས་དང་ཐོབ་ཐང་ལ་བརྟེན་ནས་ཤེས་རིག་སྟོབས་ལྡན་པའི་འཇོན་མི་ནང་འདྲེན་བྱས་ཏེ། སྣེ་ཁྲིད་ཤེས་ལྡན་པའི་དཔུང་ཁག་དང་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་རེད། །