འདབ་པ་རྫོང་དུ་གནམ་རིག་ཚན་རྩལ་ཡུལ་སྐོར་བྱེད་གནས་འཛུཊ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-28   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཀྱི་གལ་ཆེའི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་སྟེ་བར་མཐོངས་ཁོར་ཡུག་གི་རྩིག་རྨང་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་བའི༼བྱི་རྟའི་ལས་གྲྭའི་དུས་ཐེངས་གཉིས་པ༽མཚོན་རྟགས་རང་བཞིན་གྱི་སྒྲིག་ཆས་སྒོར་གདུབ་ཉི་མའི་རླུང་གི་འཕྲོ་གློག་བརྙན་གྲུབ་རྒྱང་མཐོང་(圆环阵太阳风射电成像望远镜)གི་འཛུགས་སྐྲུན་ཡུལ་དངོས་སུ། འཛུགས་སྐྲུན་མི་སྣས་སྨི་བརྒྱ་ཡན་གྱི་ཚད་གཞི་གཏན་འཁེལ་གློག་ཤིང་ཐོག་ནས་ལས་དོན་སྤེལ་བཞིན་ཡོད།

图片


        རྒྱལ་ཁབ་རིམ་པའི་ཚན་རྩལ་ལས་གཞི་གལ་ཆེན་རབ་དང་རིམ་པ་རིམ་བཞིན་དོན་འཁྱོལ་བྱུང་བ་དང་ཆབས་ཅིག  འདབ་པ་རྫོང་ནི་ཀྲུང་གོའི་གནམ་དཔྱད་རིག་པའི་ལྟ་དཔྱད་བྱ་གནས་གལ་ཆེན་ཞིག་ཏུ་འགྱུར་ཡོད། མིག་སྔར་འདབ་པ་རྫོང་གིས་གསར་གཏོད་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་གཞི་རུ་བཀོད་དེ་ཡུལ་སྐོར+ཚན་རྩལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་ཞིང་། འདབ་པའི་གནམ་དཔྱད་ཚན་རིག་གླིང་སྐྲུན་རྒྱུ་དམིགས་ཚད་དུ་བཟུང་ཞིང་། སྐར་ཚོགས་གྲོང་རྡལ་འཛུགས་རྒྱུ་གཞི་རྟེན་བྱས་ཏེ་ཧུར་བརྩོན་ཆེན་པོས་གནམ་རིག་ཚན་རྩལ་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་བཞིན་ཡོད།

图片


        སྤྱི་ཟླ་9པར་འདབ་པ་རྫོང་གིས་དགའ་ཐང་གྲོང་རྡལ་དུ་འདབ་པ་གནམ་དཔྱད་ཚན་རིག་ཁྱབ་གདལ་ཁང་དང་དེ་བཞིན་འདབ་པ་རྫོང་གི་གནམ་རིག་སྐར་མའི་ལྟ་ཞིབ་ཀྱི་རྟེན་གཞིའི་དུས་མགོའི་ལས་དོན་སྤེལ་མགོ་ཚུགས་ཤིང་། སྔོན་དཔག་བྱས་ན་སྤྱི་ལོ་2022ལོའི་ལོ་སྟོད་དུ་ལས་མགོ་འཛུགས་རྒྱུ་ཡིན་པ་རེད། གནམ་རིག་ཚན་རིག་གླིང་ནི་འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་དང་ཕི་ལོའི་རྗེས་ཤུལ་སྤྱི་གླིང་གཉིས་ཀྱི་ཁ་གསབ་ལྟ་བུར་གྱུར་ཏེ། གནམ་རིག་འཇིག་རྟེན་འཚོལ་ཞིབ་དང་། ས་མཐོའི་སྐྱེ་ཁམས་ལྟ་སྐོར། གནའ་རྫས་རྟོག་ཞིབ་ཀྱི་ལོ་རྒྱུས་སྔོག་འདོན་བཅས་སྣ་མང་མཉམ་འདུས་ཀྱི་ཁྱད་ཆོས་དང་ལྡན་པའི་ཡུལ་སྐོར་ཕྱོགས་བསྡུས་ཀྱི་བཀོད་པ་ཆགས་པ་དང་། ལྟ་སྐོར་དང་རིག་གནས། ཚན་རིག་ཁྱབ་གདལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཉམས་སུ་མྱོང་བ་སོགས་དུས་ཚིགས་ཧྲིལ་པོ་དང་གནམ་གཤིས་ཅི་རིགས་ཀྱི་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་བཙུགས་ཏེ། ཡུལ་སྐོར་བར་ཆེད་ལས་ཀྱི་གནམ་རིག་ཉམས་སུ་མྱོང་ས་དང་ཚན་རིག་ཁྱབ་གདལ་སློབ་གསོའི་བྱེད་སྒོ་སྤེལ་ཡུལ་སོགས་མཁོ་འདོན་བྱས་ཏེ། གནམ་རིག་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གསར་གཏོད་དང་ལག་ལེན་གྱི་ནུས་པ་ཇེ་མཐོར་གཏོང་བ་བཅས་བྱས་ནས་འདབ་པ་རྫོང་གི་ཡུལ་སྐོར་གྱི་ཡིད་དབང་འགུགས་ནུས་དང་འགྲན་རྩོད་ཀྱི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་ཡིན་པ་རེད།