ཉིན་རེར་གོམ་པ་4400སོང་ན་འཆི་ཚད་ཇེ་དམའ་རུ་གཏོང་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-28   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ད་ཆ་འཚོ་བའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། མི་མི་ཉུང་བ་ཞིག་རྐང་ཐང་དུ་འགྲོ་སྐྱོད་བྱས་ཏེ་ལུས་སྦྱོང་བྱེད་ཀྱི་ཡོད། ལྷག་པར་དུ་མི་རྒན་པ་ཁག་གཅིག་འཆམ་འཆམ་དུ་འགྲོ་བར་དགའ་པོ་ཡོད།
        ཡིན་ན་ཡང་། ཉིན་རེར་སོང་བའི་གོམ་པ་ཅི་ཙམ་མང་ན་དེ་ཙམ་གྱིས་ཕན་ཐོགས་ཡོད་པ་ཞིག་མིན་ཏེ། ཀྲུང་དབྱང་བརྙན་འཕྲིན་དྲ་བས་རྐང་ཐང་དུ་སྐྱོད་པའི་སྐོར་གྱི་ངོས་ཟིན་ནོར་བ་འགའ་འགྲེལ་བཤད་བྱས་ཡོད། 
        ཆེད་མཁས་པས་དུས་ཡུན་རིང་པོར་རྐང་ཐང་དུ་སོང་སྟེ་ལུས་སྦྱོང་རྒྱུན་འཁྱོངས་བྱས་ན།ལུས་པོ་དང་།སྙིང་དང་གློ་བའི་དབུགས་ཐག་ནུས་ཤུགས་ཇེ་མཐོ་རུ་གཏོང་ཐུབ་ཅིང་།གཅོང་ནད་འགོག་བཅོས་ལ་ཕན་པ་མ་ཟད།འཆི་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་པ་དག་རྐང་ཐང་དུ་སོང་ན་ནད་གཞི་ཇེ་ཡང་དུ་གཏོང་ཐུབ་ཅེས་བཤད་པ་རེད།

图片

        མི་ལ་ལ་ཞིག་གིས་ཉིན་རེར་གོམ་པ་ཁྲི་1རེ་དམིགས་ཡུལ་དུ་འཛིན་གྱི་ཡོད་པ་རེད།དེ་ལ་ཚན་རིག་གི་གཞི་འཛིན་ས་གང་ཡང་མེད་དེ། ཧ་ཧྥོ་གསོ་རིག་སློབ་གླིང་གིས་སྔོན་ཞིག་ཏུ་མི་ཚོགས་ཤིག་ལ་ཞིབ་འཇུག་བྱས་པ་ལས་མངོན་པར།མི་ཚོགས་ཀྱི་གོམ་པ་སྤོས་པ་ཉུང་ཉུང་ཡིན་པའི་སྐབས་སུ།མི་ཚོགས་དེའི་འཆི་ཚད་ཅུང་མཐོ་བ་དང་།མི་ཚོགས་ཀྱིས་སྤོས་བའི་གོམ་པ་4400ལས་བརྒལ་སྐབས།འཆི་ཚད་མངོན་གསལ་དོད་པོས་ཇེ་ཉུང་དུ་ཕྱིན་ཡོད་པ་རེད།
        ཆེད་མཁས་པས་གོམ་གྲངས་ཇེ་མང་དང་བསྟུན་ནས་འཆི་ཚད་ཇེ་དམའ་རུ་འགྲོ་གི་ཡོད་མོད།འོན་ཀྱང་གོམས་གྲངས་7500ལས་བརྒལ་ཚེ། འཆི་ཚད་ལ་འགྱུར་ལྡོག་བྱུང་མེད་ཅིང་།དེས་གོམས་པ་7500ཡན་ལ་དེ་ལས་ལྷག་པའི་ཕན་ཐོགས་མེད་པ་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།
        དེར་བརྟེན།གོམ་པ་ཁྲི་1ནི་ཚད་གཞི་གཅིག་པུ་དེ་མ་ཡིན་པར།མི་ཚོགས་མི་འདྲ་བ་ལ་དེ་བསྟུན་གྱི་དགོས་མཁོ་མི་འདྲ་བ་ཡོད་པ་ཡིན། དཔེར་ན།ལུས་རྩལ་སྦྱོང་བརྡར་ཉུང་ཙམ་བྱེད་མཁན་ཞིག་ལ་མཚོན་ན།ཉིན་རེར་གོམ་པ་2000རེ་སྤར་ན།བདེ་ཐང་ལ་ཕན་པ་ཆེན་པོ་ཐོབ་ཤས་ཆེ་ཞིང་། དར་མ་དང་རྒན་རྒོན་གྱི་མི་ཚོགས་ལ་མཚོན་ན།མི་ལ་ལས་བཙན་ཤེད་ཀྱིས་གོམ་པ་ཁྲི་1ལོང་བར་བྱེད་པ་ནི་གནོད་འཚེ་ཞིག་ཡིན་ཤས་ཆེ།
        ཆེད་མཁས་པས་སྤྱིར་བཏང་གི་མི་ཚོགས་ལ་མཚོན་ན།ཉིན་གཅིག་གི་གོམ་གྲངས་8000ཙམ་དུ་ཚོད་འཛིན་བྱས་ན་འགྲིག་གི་ཡོད།དེའི་ནང་གི་གོམ་པ་བཞི་སྟོང་ནས་ལྔ་སྟོང་བར་ནི་རྒྱུན་གཏན་འཚོ་བའི་དགོས་མཁོ་ཞིག་ཡིན་ཏེ།ཡུན་རིང་སྡོད་པ་ལས་གཡོལ་དགོས། གཞན་ཡང་གོམ་པ་3000མགྱོགས་པོར་སྐྱོད་ན་སྙིང་དང་གློ་བའི་དབུགས་ཐག་གི་ནུས་པ་ཇེ་མཐོར་གཏོང་ཐུབ་ཅེས་བཤད།

图片

        མགྱོགས་པོར་འགྲོ་བའི་མྱུར་ཚད་ལ་མཚོན་ན།གོམ་པ་སྤོ་སྐབས་དབུགས་ཅུང་ཟད་ཧད་པ་དང་།སྐད་ཆ་ཤོད་ཐུབ་ཀྱང་གླུ་ལེན་མི་ཐུབ་པ་ཙམ་གྱི་མྱུར་ཚད་ནི་ཅུང་འོས་ཤིང་འཚམ་པ་ཞིག་ཡིན།
        གཞན་ཡང་ཆེད་མཁས་པས་མི་ཚོགས་འདི་གསུམ་ལ་ཡུན་རིང་འགྲོ་སྐྱོད་མི་འཚམ་པར་བསྟན་པ་སྟེ། ཐོག་མར་སྙིང་ནད་ཅན་གྱིས་དུས་ཡུན་རིང་པོར་ལུས་སྦྱོང་བྱས་ན་སྙིང་གི་ཁུར་པོ་ཇེ་ལྕི་རུ་ཕྱིན་ནས་སྙིང་གི་ཁྲག་རྩར་གནད་དོན་ཐོན་སླ་པོ་ཡོད་པ་དང་། གཉིས་ནས་མི་རྒྱགས་པ་རྣམས་ཀྱི་ལུས་པོ་ལྕི་དྲགས་པས་རྐང་པ་ལ་གནོད་པ་ཐེབས་སླ་བ། གསུམ་ནས་སུག་རུས་ཀྱི་ཚིགས་ལ་ནད་ཡོད་པའམ་རྨས་སྐྱོན་ཕོག་ཡོད་པའི་མི་ཚོགས་ཏེ།ཁོང་ཚོ་འགྲོ་ཡུན་རིང་དྲགས་ན་གནོད་སྐྱོན་ཕོག་པའམ་ཡང་ན་ན་ཚ་ཇེ་ལྕི་རུ་འགྲོ་སྲིད་པ་ཡིན་ཞེས་བརྗོད།