བོད་ཀྱི་གློག་བརྙན«ལྷ་མོ་དང་སྐལ་བྷེ»གློག་བརྙན་ཁང་ནས་གཟིགས་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    ཤེས་གསལ་ལྟར་ན། རྒྱལ་ཡོངས་སྒྱུ་རྩལ་གློག་བརྙན་འགྲེམས་སྟོན་ཚོགས་ཁང་གིས་གཙོ་སྒྲུབ་བྱས་པའི་2021ལོའི་སྒྱུ་རྩལ་གསར་རྩོམ- དགུན་དྲོ་བརྗོད་གཞིའི་བརྙན་འགྲེམ་ཞེས་པ་དེ་ཟླ12པའི་ཚེས23ནས་ཟླ1པའི་ཚེས4བར་དུ་པེ་ཅིང་དང་ཧྲང་ཧའེ། ཧྲིན་ཀྲིན། ཁྲིན་ཏུའུ། སུའུ་ཀྲོའུ་སོགས་གྲོང་ཁྱེར་ལྔ་ནས་སྔ་གཞུག་དུ་སྤེལ་སྒང་ཡིན་པས། གྲོང་ཁྱེར་དེ་དག་ན་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་གོ་སྐབས་ཤོར་དུ་མ་བཅུག་པར་དམ་འཛིན་བྱེད་རྒྱུ་ཧ་ཅང་གལ།  ཁོང་གི་གློག་བརྙན་གསར་པ་འདི་དེ་སྔ་སྐབས67པའི་ཧྲིན་སེ་པ་སི་ཏེ་ཨན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྐབས3པའི་ཕེན་ཡའོ་རྒྱལ་སྤྱིའི་གློག་བརྙན་སྟེང་སྟོན་སྐབས་ལས་རིགས་གཅིག་པའི་མི་སྣ་མང་པོས་དགའ་བསུ་ཚད་མེད་ཐོབ་མྱོང་།