Derekཡིས་འཁེལ་འཐག་ལག་རྩལ་ལ་བརྟེན་ནས་དམངས་ཀྱི་ཡོང་འབབ་འཕར་རོཊ་བྱས

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཨ་རིའི་ན་གཞོན་Derekནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ལོ་ལྔའི་རིང་ལ་འཚོ་བ་རོལ་བ་དང་།ཁོང་གིས་ཉིན་ལྟར་ཞོགས་པ་སྔ་མོ་ནས་རླངས་འཁོར་བཏང་སྟེ་མཁའ་འགྲོ་གཞིས་ཁུལ་གྱི་བཟོ་ཁང་དུ་སོང་ནས་བོད་རིགས་ལས་རོགས་ཚོ་དང་མཉམ་དུ་འཁེལ་འཐག་རྒྱུ་ཆ་གྲ་སྒྲིག་བྱེད་འགོ་ཚུགས་པ་རེད།སེམས་ཀྱི་ཉི་ཟླ་ནས་འཚོ་བ་རོལ་བའི་ལོ་ལྔའི་ནང་Derekཡི་ཁྱིམ་མི་ཚང་མ་ས་གནས་དེ་གའི་འཚོ་བའི་ཁྲོད་གང་ལེགས་ཀྱིས་ཞུགས་ཡོད་དེ།ཁོང་གིས་རྒྱ་སྐད་ཀྱི་ཐོག་ནས་གྲོགས་པོ་མང་པོ་སྒྲིག་ཡོད་པ་མ་ཟད།ད་དུང་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ས་གནས་དེ་གའི་གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་ཀྱང་བྱེད་ཀྱི་ཡོད།

    Derekཡིས་གསར་འགོད་པར་རང་ཉིད་ཀྱིས་དེ་སྔ་ཨ་རི་ནས་ཡང་གྲོགས་པོར་ལུག་བལ་འབྲེག་རོགས་བྱེད་ཀྱི་ཡོད་མོད།འོན་ཀྱང་ཨ་རིའི་ཞིང་རའི་བདག་པོས་ལུག་བལ་གང་ལེགས་ཀྱིས་བེད་སྤྱོད་བྱེད་ཤེས་ཀྱི་མེད།ཁོང་གིས་གནས་འདིའི་ཡུལ་མི་ཚོའི་འཁེལ་འཐག་ལག་རྩལ་མཐོང་རྗེས། Derekཡིས་ལུག་བལ་འགའ་ཁྱེར་ནས་རེག་བྱ་འཇམ་པོའི་ལུག་བལ་དེ་བོད་རིགས་ཀྱི་སྲོལ་རྒྱུན་འཁེལ་འཐག་ཐོན་རྫས་ནང་བཅུག་ནས་ཚོད་ལྟ་བྱས་པས་ཕན་འབྲས་བཟང་པོ་ཐོན་པ་རེད།Derek ཡིས་ང་ཚོས་བོད་རིགས་ཀྱི་འཁེལ་འཐག་དང་།ཐག་བསླས་སོགས་ཀྱི་བྱེད་སྟངས་དང་ལས་རིམ་ཚང་མ་རང་སོར་བཞག་ཡོད་པ་མ་ཟད།ཐ་ན་ལག་ཆ་བེད་སྤྱོད་གཏོང་བའི་ཐད་ལའང་བོད་རིགས་ཀྱི་སྲོལ་རྒྱུན་ལ་བརྩི་སྲུང་ཞུ་བཞིན་ཡོད་ཅེས་བཤད།

    མཁའ་འགྲོ་གཞིས་ཁུལ་དུ་སྡོད་པའི་ལྷ་སྒྲོལ་གྱིས་ལོ་བཞིའི་སྔོན་དུDerekཡི་ཁྱིམ་མི་དང་ངོ་ཤེས་པ་དང་།དེ་རྗེསDerekདང་མཉམ་དུ་རང་ཁྱིམ་གྱི་འཁེལ་འཐག་ནས་ཕྱིས་སུ་ལམ་འགྲམ་གྱི་འཁེལ་འཐག་དང་།དེ་ནས་གཞི་ཁྱོན་ཅན་གྱི་བཟོ་ཁང་བཙུགས།མཐར་2020ལོར་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཆུང་གྲས་ཤིག་ཆགས་ཡོད།ལྷ་སྒྲོལ་གྱིས་ངོ་སྤྲོད་བྱས་པའི་ལག་ཤེས་བཟོ་རྩལ་མཁས་ཅན་རྒན་རབས་ཚོ་ཡང་ཐོན་རྫས་ཀྱི་མིང་བྱང་ཡག་ཤོས་ཤིག་ཏུ་འགྱུར་ཡོད་པ་རེད།

    ལྷ་སྒྲོལ་གྱིས་ད་ལྟའི་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དེ་འཁེལ་འཐག་ལག་རྩལ་ངོས་ནས་བརྗོད་ན་མ་བཅོས་རྒྱུ་ཆ་མི་འདང་བ་ནི་གནད་དོན་ཆེ་ཤོས་ཤིག་མིན།སྒྲུབ་འདོད་མཁན་མེད་པ་ནི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་འདི་ཆད་པར་གྱུར་བའི་གནད་དོན་གཙོ་བོ་ཡིན།བཟོ་གྲྭའི་ནང་གི་བཟོ་པས་སྲོལ་རྒྱུན་གྱི་ལག་རྩལ་བསྐྱར་དུ་རྙེད་པ་དང་བོད་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་པ་མཐོང་སྐབས་རང་ཉིད་ཀྱི་འབད་བརྩོན་ལ་རིན་ཐང་ཆེན་པོ་ལྡན་པར་ཉམས་ཞེས་བཤད་པ་རེད།

    Derekཡི་ཚོགས་པའི་སྣེ་ཁྲིད་འོག་ཡུལ་དེ་གའི་ལག་ཤེས་བཟོ་རྩལ་པ་རྒན་རབས་ཀྱིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་འཛིན་སྐྱོང་སྤེལ་གསུམ་བྱས་ཡོད།མིག་སྔར།བཟོ་གྲྭར་ལས་མི་40ཙམ་ཡོད་པ་དང་ཆ་སྙོམས་ལོ་ཚད་ནི་ལོ་60ཡིན།འདིའི་ཁྲོད་ལོ་ཚད་ཆེ་ཤོས་ནི་ལོ་73ཡིན་པ་རེད།སྒྱུ་རྩལ་མཁས་ཅན་གཡང་འཛོམས་ད་ལོ་ལོ་65ལ་སླེབས་ཤིང་།བཟོ་གྲྭར་ལས་ཀ་བྱས་ནས་ལོ་3ལྷག་ཙམ་འགོར་ཡོད།མོ་ལ་ཉིན་རེར་གླ་ཆ་སྒོར་100ལེན་རྒྱུ་ཡོད་པ་མ་ཟད།ད་དུང་རང་ཉིད་ཀྱི་ལོ་མང་རིང་གི་འཁེལ་འཐག་ལག་རྩལ་དང་ཉམས་མྱོང་མི་གཞན་ལ་བརྒྱུད་སྤྲོད་བྱེད་ཐུབ་པས་ཧ་ཅང་དགའ་པོ་བྱུང་ཡོད་པ་རེད།