པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོཊ་ལ་དོ་དམ་ནན་པོ་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-24   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ཟླ་12པའི་ཚེས་23ཉིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་ཧན་ཙི་རུང་(གཡོན་གྱི་གཉིས་པ་)དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་རིམས་ནད་སྔོན་འགོག་ཚོད་འཛིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཁྲུན།(གཡས་གཉིས་པ།)པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཨང་(གཡས་ཀྱི་དང་པོ་)བཅས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ།

             ཟླ་12པའི་ཚེས་23ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་རིམས་འགོག་སྲིད་ཇུས་དང་འབྲེལ་ཡོད་གྲ་སྒྲིག་ལས་དོན་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

        པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་རིམས་ནད་སྔོན་འགོག་ཚོད་འཛིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཁྲུན་གྱིས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་གདུབ་ཟུམ་དོ་དམ་བྱེད་པ་འགག་རྩའི་བྱེད་ཐབས་སུ་འཛིན་རྒྱུ་ཡིན། ལག་དེབ་ནང་ཀྲུང་གོར་ཡོང་མཁན་ཚང་མ་ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་བ་ནས་ཕྱིན་ཐོན་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་བཀག་སྡོམ་ནན་པོ་བྱ་རྒྱུ་དང་། གནས་ཚེག་སྦྲེལ་འདྲའི་གདུབ་ཟུམ་དོ་དམ་སྲིད་ཇུས་ལག་ལེན་བསྟར་བྱ་རྒྱུའི་བླང་བྱ་བཏོན་ཡོད། གདུབ་ཟུམ་དོ་དམ་བྱེད་རིང་ང་ཚོས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཆེད་སྤྱོད་རླངས་འཁོར་གྱི་འགྲིམ་འགྲུལ་ཞབས་ཞུ་བཀོད་སྒྲིག་བྱས་ཡོད་པས། སྒོ་རྒྱག་འགྲིམ་འགྲུལ་བརྒྱུད་སྡོད་གནས་དང་ལུས་རྩལ་ཁང་། ལས་གནས་བཅས་སུ་འགྲོ་འོང་བྱེད་ཆོག་གི་ཡོད། ང་ཚོ་ཚང་མ་གདུབ་ཟུམ་ཞིག་ནང་དུ་ཡོད་ཅིང་དེའི་ཕྱི་ལ་གཏན་ནས་འགྲོ་མི་རུང་ལ། གྲོང་ཁྱེར་དང་འབྲེལ་འདྲིས་གཏན་ནས་ཡོད་མི་ཆོག  འདི་ནི་ང་ཚོའི་མཐའ་ཚད་ཡིན། དེར་བརྟེན་གདུབ་ཟུམ་ནང་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་བྱ་ཐབས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ལག་དེབ་ཀྱི་རིམས་འགོག་བླང་བྱར་བརྩི་སྲུང་ནན་པོ་ཞུ་དགོས། དེ་ཡང་ང་ཚོས་འགྲན་བསྡུར་གྱི་བདེ་འཇགས་དང་། འཁོར་སྐྱོད་བདེ་འཇགས། མི་སྣ་ཡོངས་ཀྱི་བདེ་འཇགས་བཅས་འགན་ལེན་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ཞེས་གསུངས་པ་རེད།