མུ་མཐའ་མི་མངོན་པའི་མཁའ་ལམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-23   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

    ཆབ་མདོ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་ཤར་རྒྱུད་དེ། འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཆུ་བོ་གསུམ་འབྲེལ་བཞུར་གྱི་འཕྲེད་རྒྱུག་རི་རྒྱུད་དུ་གནས་ཡོད་ཅིང་། ས་དབྱིབས་རྙོག་འཛིང་ཆེ་བ་དང་འགྲིམ་འགྲུལ་ཆ་རྐྱེན་ཞན་སྟབས།གནའ་ནས“བཙན་ས་ཆབ་མདོ”ཞེས་པའི་ཤོད་སྲོལ་ཡོད་པ་རེད། 

        ཉེ་བའི་ལོ་ཤས་རིང་ཆབ་མདོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིམ་བཞིན་འཐུས་ཚང་དུ་བཏང་ཡོད། 2020ལོའི་ལོ་མཇུག་བར། གྲོང་ཁྱེར་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་18983.663(དེའི་ནང་རྒྱལ་ཁབ་གཞུང་ལམ་སྤྱི་ལེ་2231.42དང་། ཞིང་ཆེན་གཞུང་ལམ་སྤྱི་ལེ་2382.46 གྲོང་གསེབ་གཞུང་ལམ་སྤྱི་ལེ་14369.561)ཡོད། གྲོང་ཁྱེར་ཡོངས་སུ་ཤང(གྲོང་རྡལ)138དང་། གྲོང་མི་འདུག་སྡོད་ཁུལ་1175དང་། རང་བྱུང་གྲོང་ཚོ་4181(“བྲག་གསུམ་འབྲེལ་ཁུལ”དང་ཤ་ལི་ཤང་གསུམ་ཁྱོན་ཡོངས་ནས་གནས་སྤོ་བྱས་པ་ཕུད།)ཤང་(གྲོང་རྡལ)129བཅས་ཀྱིའགྲིམ་འགྲུལ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། བདེ་བླག་ངང་ཤར་གཏོང་ཐུབ་ཚད་96.8%ཟིན་ཡོད། སྲིད་འཛིན་གྲོང་ཚོ་1116གི་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། བདེ་བླག་ངང་ཤར་གཏོང་ཐུབ་ཚད་75.2%ཟིན་ཡོད།

         སྒྲིག་ཆས་དེ་བས་འཐུས་ཚང་དུ་བཏང་བ་ཕུད། ཆབ་མདོ་ནས་ད་དུང་གཞུང་ལམ་གཉེར་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཉེ་བའི་ལོ་ཤས་རིང་ཆབ་མདོའི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལས་དོན་བརྟན་པོའི་ངང་སྤེལ་ཞིང་། 2020ལོར་ཤང་གྲོང་22དང་སྒྲིག་ཚུད་གྲོང་ཚོ་159ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བྱས་པ་དང་རྫོང(ཆུས)11གི་འགྲུལ་སྐྱེལ་ཁྱབ་ཚད་100%ཟིན་པ་བྱས་ཡོད།