རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-23   རྩོམ་ཁུངས།    ཁམས་པའི་དྲ་བ།
དགུན་ཉི་ལྡོག་དང་དགུ་ཟུག་ཚུལ།
བོད་ཀྱི་དམངས་ཁྲོད་བཤད་སྲོལ་ལ། དགུན་ཉི་ལྡོག་སྐབས་སུ་ཉི་མ་ལྷོ་ཕྱོགས་གཤིན་རྗེའི་གྲོང་ནས་འཆར་ཞིང་ཡོད་སྟབས། དེས་ནད་ཡམས་དང་། མུ་གེ་སོགས་འགལ་རྐྱེན་བར་ཆད་མང་པོ་ཁྱེར་ནས་ཡོང་ཞིང་ཡོད་པར་མ་ཟད། ཉིན་དེར་ལོ་དེའི་རིང་ལ་འཆི་རེས་ལ་བབས་པའི་མི་རྣམས་ལ་གཤིན་རྗེའི་ཁྲམ་རྟགས་འདེབས་ཤིང་ཡོད་སྟབས། འགལ་རྐྱེན་དེ་དག་ཟློག་པའི་ཆེད་དུ་ཉི་ལོག་གཏོ་ཟློག་སྣ་ཚོགས་འདོན་སྲོལ་ཡོད། དཔེར་ན། དགོན་པ་རྣམས་ཀྱིས་ཕུར་ཟློག་དང་ཡས་ཟོར་སོགས་ཀྱི་གཏོར་ཟློག་དང་། གྲོང་ཆོག་པ་རྣམས་ཀྱིས་ཤེར་སྙིང་བདུད་ཟློག་དང་། སྒྲོལ་མ་གཡུལ་མདོས་སོགས་འདོན་སྲོལ་ཡོད་པ་རེད།
དགུ་ཟུག་ཚུལ།
མཐོ་སྒང་གི་དགུན་དུས་ཀྱི་ནམ་ཟླའི་དྲོ་འཁྱག་དང་བསྟུན་ནས་ཉི་མ་བྱང་བགྲོད་ཀྱི་དུས་རིམ་ལ་དགུ་ཟུག་ཅེས་ཉིན་དགུ་རེ་བགྲང་ནས་ཉིན་གྱ་གཅིག་གི་དུས་རིམ་ཡོད། དགུ་དང་པོ་ནས་བཞི་བའི་བར་ལ་རིམ་པ་བཞིན་ཇེ་འཁྱགས་ནས་ཇེ་འཁྱགས་ལ་འགྲོ་ཞིང་། དགུ་ལྔ་པ་ནས་རིམ་བཞིན་ཇེ་དྲོར་ཡོང་བའི་བཤད་སྲོལ་ཡོད་པར་མ་ཟད་དེར་དགུ་རེ་རེའི་དྲོ་འཁྱག་གི་རྣམ་པ་མཚོན་པར་བཤད་པའི་བཤད་སྲོལ་འདི་འདྲ་ཡོད་དེ།