ཧྲེང་ཕིང་གྲོང་རྡལ་གྱི་ཉེན་རྟོག་པ་དང་མང་ཚོགས་བར་གྱི་བརྩེ་བ་ཟབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        འཇོལ་རྫོང་ནི་ལྷིང་འཇགས་འཆམ་མཐུན་གྱི་ས་ཆ་ཞིག་ཡིན་པ་དང་ཕྱོགས་གཅིག་གི་ས་ཆུས་ཕྱོགས་གཅིག་གི་མི་གསོ་སྐྱོང་བྱེད་པ་དང་ས་གཙང་དེའི་ཐོག་གཅེས་པར་འོས་པའི་གུས་པར་འོས་པའི་མི་ཁྱུ་གཅིག་གསོ་སྐྱོང་བྱེད་ཀྱི་ཡོད་པ་དང་ཁོང་ཚོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་སྤྱི་བདེ་ཅུས་ཀྱི་དམངས་ཕན་ཉེན་རྟོག་པ་དང་རོགས་སྐྱོར་ཉེན་རྟོག་པ་ཡོངས་རེད།

        དུས་ཡུན་རིང་པོའི་ནང་འཇོལ་རྫོང་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བར་བྱ་བ་ཆུང་ཙག་མེད་པའི་འདུ་ཤེས་ལ་བརྟེན་ནས་མི་དམངས་སྤྱི་བདེས་མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་རྒྱུ་དེ་གཞི་རིམ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས་མང་ཚོགས་གཉེན་ཉེ་ལྟར་བརྩི་བ་དང་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་བཞག་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་པ་རེད།

        ཧྲེང་ཕིང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་བློ་བཟང་ཚེ་རིང་གིས་ནམ་རྒྱུན་དང་འདྲ་བར་ཉིན་ལྟར་ཞོགས་པ་ལངས་ནས་བསྒྲུབས་པའི་བྱ་བ་དང་པོ་ནི་ལས་རེས་ཁང་དུ་ཡོང་ནས་མང་ཚོགས་ཀྱི་དགོས་མཁོའི་ཞབས་ཞུའི་ཁ་པར་ཡོད་མེད་ལ་ལྟ་ཞིབ་བྱ་རྒྱུ་དེ་ཡིན་པ་དང་གལ་སྲིད་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ཚེ་ཁོང་གིས་འཕྲལ་དུ་ལག་ནང་གི་བྱ་བ་བཞག་ནས་མང་ཚོགས་ཀྱི་རེ་ཞུ་ནན་ཏན་ངང་ཉན་པ་དང་འབྲེལ་དེ་དག་རེ་རེ་བཞིན་ལས་ཀའི་ཟིན་བྲིས་ནང་འགོད་ཀྱི་ཡོད། བློ་བཟང་ཚེ་རིང་གིས་བློ་གཅིག་སེམས་གཅིག་ངང་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་ནས་མང་ཚོགས་ཀྱི་ཛ་དྲག་དང་དཀའ་ངལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་མང་ཚོགས་ལ་གང་དུ་ཁོང་དགོས་མཁོ་ཡོད་ཚེ་ཁོང་དེ་གར་བསྐྱོད་དེ་དམངས་ཀྱི་སེམས་ཁྲལ་སེལ་བ་དང་འགྲོ་སྐྱོད་སྟབས་བདེ་མེད་པའི་མང་ཚོགས་ལ་སྒོ་རྩར་ལག་ཁྱེར་གཉེར་བ་དང་ལག་ཁྱེར་སྐྱེལ་བ་སོགས་དམངས་ཕན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ནི་དེ་བས་རྒྱུན་གཏན་གྱི་བྱ་བ་ཞིག་འགྱུར་ཡོད།

        མི་རིང་བའི་གོང་བློ་བཟང་ཚེ་རིང་གིས་ཨ་གདོང་གྲོང་ཚོའི་དུད་ཚང་དུ་བཅར་འདྲི་བྱེད་པར་སྐྱོད་རིང་མང་ཚོགས་ཀྱི་བསམ་འཆར་ཞུ་དོན། ཁྱིམ་མཚེས་ཟླ་སྒྲོན་ལྷ་མོའི་ལོ་ན་མཐོ་བས་འགྲོ་སྐྱོད་སྟབས་བདེ་མེད་སྟབས་མངགས་གཏོང་ཁང་དུ་ཐོབ་ཐང་ལག་ཁྱེར་གཉེར་བར་ཡོང་ཐུབ་མེད་ཅེས་བཤད། བློ་བཟང་ཚེ་རིང་གིས་གནས་ཚུལ་དེ་ཐོས་རྗེས་འཕྲལ་མར་ཨ་མ་རྒན་མོའི་ཁྱིམ་དུ་ཡོང་ནས་ངང་རྒྱུད་རིང་པོས་ནང་མིའི་གཞི་རྩའི་གནས་ཚུལ་འདྲི་རྩད་བྱས་པ་དང་འབྲེལ་གནས་ཚུལ་དེ་སེམས་ནང་བཞག་པ་དང་དེ་མ་ཉིད་དུ་སྒོ་རྩར་བསྐྱོད་དེ་ཐོབ་ཐང་ལག་ཁྱེར་གཉེར་བའི་ཞབས་ཞུའི་ལས་དོན་སྤེལ་བ་རེད། ཆུ་ཚོད་གཅིག་ཙམ་གྱི་ལམ་ཐག་བརྒྱུད་ཁོང་ཧྲེང་ཕིང་མངགས་གཏོང་ཁང་དུ་ལོག་རྗེས་འཕྲལ་དུ་གཉེར་སྒྲུབ་བྱེད་འགོ་ཚུགས་པ་དང་ཐོབ་ཐང་ལག་ཁྱེར་མངགས་གཏོང་ཁང་དུ་འབྱོར་སྐབས་བློ་བཟང་ཚེ་རིང་གིས་སྐད་ཅིག་ཙམ་ཡང་སྣང་ཆུང་མ་བྱས་པར་དུས་ཚོད་དང་པོར་ཨ་གདོང་གྲོང་ཚོར་ཡོང་ནས་ཐོབ་ཐང་ལག་ཁྱེར་ཟླ་སྒྲོན་ལྷ་མོའི་ལག་ཏུ་སྤྲད་པ་དང་ཟླ་སྒྲོན་ལྷ་མོས་ཐོབ་ཐང་ལག་འཁྱེར་བླངས་རྗེས་སེམས་འགུལ་ཐེབས་པའི་ངང་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་དང་བསམ་ཡུལ་ལས་འདས་པ་ཞིག་ལ་བྱ་བ་ཆུང་ཙག་དེ་འདྲ་ཞིག་ཁྱེད་ཚོ་ཚང་མ་སེམས་ནང་བཞག་ཡོད། 

         བློ་བཟང་ཚེ་རིང་གི་གཏམ་རྒྱུད་ཀྱིས་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པ་དང་ཁོང་གི་གཏམ་རྒྱུད་ལས་འཇོལ་རྫོང་སྤྱི་བདེ་ཅུས་ཀྱི་དམངས་ཕན་ཉེན་རྟོག་པ་དང་རོགས་སྐྱོར་ཉེན་རྟོག་པ་མི་རེ་རེའི་གཟུགས་བརྙན་ཚུར་སྣང་ཐུབ་ཡོད།