རིག་གནས་ཀྱིས་དམངས་ལ་ཕན་པ་བཏགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-21   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

1441775_yis_1639929600000_s.jpg

ཉེ་ཆར་འཕྱོངས་རྒྱས་རྫོང་གི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཀྱིས། 2021ལོར་སློབ་ཡོན་མི་དགོས་པའི་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་འཛིན་གྲྭ—“སྙན་འཇེབས་ལྡན་པའི་དབྱངས་རྟ”སྒྲ་སྙན་གསོ་སྦྱོང་འཛིན་གྲྭ་སློབ་མཇུག་འགྲིལ་བའི་མཛད་སྒོ་དང་གཟིགས་འབུལ་འཁྲབ་སྟོན་བྱེད་སྒོ་འཕྱོངས་རྒྱས་རྫོང་གི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་སུ་སྤེལ་བ་རེད།

ད་རེས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་ནི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་རིག་གནས་དང་སློབ་སྦྱོང་བྱེད་པའི་གོ་སྐབས་བསྐྲུན་ནས། ལས་ཞོར་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་རེད། ཟླ་བ་2ལྷག་ཙམ་གྱི་གསོ་སྦྱོང་བརྒྱུད་སློབ་མ་ཚང་མས་སྒྲ་སྙན་གྱི་རྨང་གཞིའི་དཀྲོལ་གཏོང་རྩལ་ནུས་ཁོང་དུ་ཆུད་པ་མ་ཟད། སྤྱིའི་ཆ་ནས་ཁེར་རྐྱང་ངང་གཏོང་ལེན་ཐུབ་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འཕྱོངས་རྒྱས་རྫོང་རིག་གནས་ཅུས་ཀྱིས་གསོ་སྦྱོང་འཛིན་གྲྭ་མུ་མཐུད་ཡག་པོ་གཉེར་ནས། “གདན་དྲངས་པ”དང“ཕྱིར་སྐྱོད་པའི”བྱེད་སྟངས་སྤྱད་དེ། ལས་བྱེད་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། གསོ་སྦྱོང་གི་ནང་དོན་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུ་རེད།