བདེ་ཆེན་གྱིས་འཛམ་གླིང་གི་ལྗང་མདོག་བཟའ་བཅའི་བྱང་བུ་རྩེ་གྲ་གཏོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་འཕྲིན། ད་ལོ་ནས་བཟུང་། རང་ཁུལ་གྱིས་གཏིང་ཟབ་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བྱས་ནས“རྫོང་གཅིག་ལ་ལས་རིགས་གཅིག”གི་དཔེ་སྟོན་རྫོང་དང་།“ཤང་གཅིག་ལ་ཁྱད་ལྡན་གཅིག”གི་དཔེ་སྟོན་ཤང་།“གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག”གི་དཔེ་སྟོན་གྲོང་ཚོ་བཅས་བཙུགས་ནས་འཛམ་གླིང་ཐོག་གི“ལྗང་མདོག་བཟའ་བཅའི་བྱང་བུ”རྩེ་གྲ་གཏོད་རྒྱུ་མགྱོགས་སུ་བཏང་བ་དང་། ཁུལ་ཡོངས་ཀྱི་ཞིང་ལས་ཐོན་ལས་རྩ་འཛུགས་ཅན་དང་།གཞི་ཁྱོན་ཅན།ཁྲོམ་ར་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་བདེ་ཆེན་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

        ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བ་བརྒྱུད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་2021ལོའི་ལོ་འཁོར་གྱི་ཁུལ་རིམ་པའི“རྫོང་གཅིག་ལ་ལས་རིགས་གཅིག”གི་དཔེ་སྟོན་རྫོང་དང་། སན་པ་ཤང་དང་།ཡང་ཐང་གྲོང་རྡལ།ཡུང་ཁྲུན་ཤང་བཅས་ལ་2021ལོའི་ལོ་འཁོར་གྱི་ཁུལ་རིམ་པའི“ཤང་གཅིག་ལ་ཁྱད་ལྡན་གཅིག”གི་དཔེ་སྟོན་ཤང་གྲོང་།ཡང་ཐང་གྲོང་རྡལ་གྱི་མཉམ་འབྲེལ་གྲོང་ཚོ་དང་།འཇོལ་རྫོང་གི་རྟ་རི་གྲོང་ཚོ།འབའ་ལུང་རྫོང་གི་ལ་པ་ཏི་གྲོང་ཚོ་སོགས་གྲོང་ཚོ་10ནི་2021ལོའི་ལོ་འཁོར་གྱི་ཁུལ་རིམ་པའི་གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་གི་དཔེ་སྟོན་གྲོང་ཚོར་ངོས་འཛིན་བྱས་པ་རེད།འཕགས་པ་ལྷ་འཁྱགས་ཆང་དང་ལི་གྲོ། གུ་གུ་ཤ་མོ་སོགས་ཐོན་རྫས་6ལ་བདེ་ཆེན་ཁུལ་2021ལོ་འཁོར་གྱི་གྲགས་ཅན་ཐོན་རྫས་ཆེ་གྲས་བདུན་ལ་ངོས་འཛིན་བྱས་པ་དང་།སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས་5ལ་བདེ་ཆེན་ཁུལ་གྱི་2021ལོའི་ཁེ་ལས་སྟོབས་ཆེན་ལྔར་ངོས་འཛིན་བྱས་པ། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་ལུང་ཧྥུང་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་འབྲི་གཡག་གསོ་ཚགས་རྟེན་གཞི་སོགས་རྟེན་གཞི་32ནི་2021ལོའི་ཁུལ་རིམ་པའི“ལྗང་མདོག་བཟའ་བཅའི་བྱང་བུའི”ཐོན་ལས་རྟེན་གཞིར་ངོས་འཛིན་བྱས་པ་རེད།

        ཁུལ་ཡོངས་ཀྱི་གྲོང་ཚོ་47དང་ཤང་3ཡུན་ནན་ཞིང་ཆེན་གྱི“གྲོང་ཚོ་རེར་སྤུས་རྟགས་རེའི”ཆེད་ལས་གྲོང་ཚོ་དང་གྲོང་རྡལ་གྱི་དཀར་ཆག་ནང་བཅུག་ཡོད། འབའ་ལུང་རྫོང་ཁང་པང་ཞིམ་ཟས་ལྗང་མདོག་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁང་མེ་འོ་ལས་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་གཉིས་ལ་2021ལོར་ཡུན་ནན་ཞིང་ཆེན་གྱི“གསར་གཏོད་ཁེ་ལས་ཡག་ཤོས20”ནང་བདམས་ཡོད། རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས་1ཡིག་ཐོག་སྙན་ཞུ་བྱས་པ་དང་། ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས་3ཡིག་ཐོག་སྙན་ཞུ་བྱས་པ།2021ལོར་ཁུལ་རིམ་པའི་སྣེ་འདྲེན་ཁེ་ལས་5གསར་དུ་གཏན་འཁེལ་བྱས་པ་དང་ཁུལ་རིམ་པའི་སྣེ་འདྲེན་ཁེ་ལས་71ཟིན་ཡོད་པ་རེད།