རིག་ནུས་སྒོའི་འཕྲུལ་མི་སེམས་ཀྱི་ཉི་ཟླ་རུ་མངོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཚན་རྩལ་གྱིས་དུས་རབས་ཀྱི་སྣེ་ཁྲིད་དེ་རིག་ནུས་མཛེས་བཟོའི་འཚོ་བ་སྐྱེལ་བཞིན་ཡོད། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འཕྲུལ་ཆས་ཀྱི་མི་ང་ཚོའི་འཚོ་བ་དང་ཐག་ཇེ་ཉེ་ནས་ཇེ་ཉེ་རེད། ཆེས་ཡོངས་ཁྱབ་ཀྱི་གད་བདར་འཕྲུལ་ཆས་ཀྱི་མི། དྲོད་ཚད་འཇལ་བའི་འཕྲུལ་ཆས་ཀྱི་མི། ཟ་ཁང་དུ་ཟ་མ་སྐྱེལ་དུ་འགྲོ་བ་འཕྲུལ་ཆས་ཀྱི་མི་སོགས་ཁོ་ཚོའི་རྣམ་པ་མི་འདྲ་བ་དང་། ལུས་ཡོངས་ལ་ལག་རྩལ་ཁྱད་པར་བ་ཡོད་པ་རེད། ད་ལྟ་འཕྲུལ་ཆས་མིས་ཀྱང་སེམས་ཀྱི་ཉི་ཟླ་མངོན་བཞིན་ཡོད། ང་ཚོས་དེར་འཇོན་ཐང་གང་དག་ཡོད་པར་བལྟ་འགྲོ།

        ཉེ་ཆར་གསར་འགོད་པས་སུམ་རྩེན་གླིང་ལྗོངས་ཁུལ་གྱི་པ་སེ་ཞིབ་བཤེར་སྒོ་ཁ་ནས་མཐོང་བར་གཟུགས་པོ་སྨི་1ལྷག་དང་ལྗང་མདོག་གི་ལས་གོས་གྱོན་ནས་ལས་ཀར་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པའི་སྒོ་སྲུང་མི་སྣར་སྐད་གཏོང་ཞོར་དུ་ལྗོངས་ཁུལ་དུ་སྐྱོད་མཁན་ཡུལ་སྐོར་བར་ལུས་དྲོད་འཇལ་བས་ཡུལ་སྐོར་བ་ལྗོངས་ཁུལ་དུ་སྐྱོད་པའི་མྱུར་ཚད་ཆེས་ཆེར་མགྱོགས་སུ་ཕྱིན་ཡོད་པ་རེད།

        རྒྱུས་ལོན་བྱས་པ་ལྟར་ན། དྲོད་ཚད་འཇལ་བའི་འཕྲུལ་ཆས་ཀྱི་མིས་དམར་ཕྱིའི་དབྱེ་འབྱེད་ཚོར་ཤེས་སྤྱད་དེ། སྲོལ་རྒྱུན་གྱི་དྲོད་ཚད་འཇལ་ཆས་ཀྱིས་དྲོད་ཚད་འཇལ་ནོར་ཐེབས་པའི་གནད་དོན་ཐག་གཅོད་བྱས་ཤིང་། ཕན་ནུས་ལྡན་པའི་སྒོ་ནས་འགོས་ནད་སྔོན་འགོག་བྱེད་ཐུབ་པ་དང་། མི་མང་འདུ་འཛོམས་བྱ་ཡུལ་གྱི་ཐུག་འཕྲད་མེད་པའི་རྣམ་པ་དང་རྒྱང་ཐག་རིང་བའི་ལུས་དྲོད་ལྟ་ཞིབ་ཚད་ལེན་དང་བྱེད་དེ་བདེ་འཇགས་དང་སྟབས་བདེ། ལས་ཆོད་ཆེ་བ་བཅས་མངོན་འགྱུར་བྱུང་བ་རེད།

        གཞན་ཡང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐང་ཞང་ཅ་ཞིའུ་མགྲོན་ཁང་ཆེ་མོའི་ནང་སྐྱོད་སྐབས་ལས་གོས་ནག་པོ་གྱོན་པའི་འཕྲུལ་ཆས་ཀྱི་མི་ཞིག་མགྲོན་ཁང་ནང་འགྲོ་སྐྱོད་སྐབས་དེས་སྤྲོ་སེམས་འཁོལ་བའི་ངང་མགྲོན་པོར་སྣེ་ལེན་ཞུ་བ་དང་མགྲོན་པོར་ནང་སྡོད་རྒྱུའི་ཁྲིད་སྟོན་བྱེད་པ་དང་མགྲོན་པོར་ལྟོ་ཆས་དང་འདྲུད་ལྷམ་སོགས་དངོས་པོ་དགོས་ཚེ་དུས་ཐོག་ཏུ་ཁང་པའི་ནང་སྐྱེལ་བ་དང་གློག་སྐས་སྒུག་སྐབས་དེ་སླར་ཡང་སྐད་ཆ་ཤོད་རེས་སུ་གྱུར་ནས་མགྲོན་པོར་དབུགས་སུབ་ཐེབས་པ་སེལ་རོགས་བྱེད་ཀྱི་ཡོད། ཕྱོགས་ཡོངས་ནས་མགྲོན་པོས་མགྲོན་ཁང་ནང་གི་ཉམས་ལེན་རྣམ་པ་ཇེ་ལེགས་སུ་བཏང་ནས་མགྲོན་པོའི་ཞག་སྡོད་ལ་སྔར་ལས་ཚན་རྩལ་དང་མི་གཤིས། སྟབས་བདེ་བཅས་བསྣན་ཡོད།

        རིམས་ནད་ཐོན་རིང་ལྗོངས་ཁུལ་དང་མགྲོན་ཁང་སོགས་ཀྱི་མི་རྒྱུག་ཚད་ཅུང་མང་བའི་ས་ཆར་དྲོད་ཚད་འཇལ་ཆས་ཡོངས་ཁྱབ་ངང་སྤྱོད་ཀྱི་ཡོད་པས་དྲོད་ཚད་འཇལ་ཆས་སོགས་ཀྱི་སྒྲིག་ཆས་ཆེད་མངགས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད་དྲོད་ཚད་འཇལ་བའི་ཚུར་སྣང་མྱུར་ཚད་ཅུང་དལ་བས་འཛུལ་སྒོའི་སྐུ་མགྲོན་འགྲོ་སྐྱོད་དལ་དུ་འགྲོ་སླ་པོ་ཡོད། རིག་ནུས་འཕྲུལ་ཆས་མིས་ནང་འདྲེན་བྱས་པ་དེས་དྲོད་ཚད་འཇལ་མཁན་གྱི་ཚབ་བྱས་པ་དང་དྲོད་ཚད་འཇལ་བའི་ཡང་དག་ཚད་མཐོ་རུ་བཏང་བས་དོ་དམ་ཚོད་འཛིན་གྱི་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན་ནས་ཚང་མར་སྟབས་བདེ་བསྐྲུན་ཡོད། མིག་སྔར་གྲོང་ཁྱེར་ཡོངས་སུ་དྲོད་ཚད་འཇལ་བའི་འཕྲུལ་ཆས་ཀྱི་མི་བཅུ་ལྷག་ཙམ་ཁག་སོ་སོར་སྲོང་བཙན་གླིང་ལྗོངས་ཁུལ་དང་སྐར་མ་རིམ་པའི་མགྲོན་ཁང་ནང་ཁྱབ་ཡོད་པ་རེད།

        འཕྲུལ་ཆས་མིའི་རིག་ནུས་ཞབས་ཞུ་སྔར་ལས་མགྱོགས་པའི་སྒོ་ནས་ང་ཚོའི་འཚོ་བའི་ཕྱོགས་སོ་སོར་སིམ་འཛུལ་བྱས་ཏེ་ང་ཚོར་སྟབས་བདེ་དང་དྲོ་སྐྱིད་རྒྱུན་ཆད་མེད་པར་སྦྱིན་བཞིན་ཡོད།