བདེ་ཆེན་ཁུལ་ཚ་ཤུགས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་དྲོད་རླངས་མཁོ་འདོན་ལ་འགན་ལེན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་གྱི་དགུན་དུས་གྲང་ངར་ཆེ་བས“དྲོ་སྐྱིད་ཁྱིམ་དུ་སྐྱོད”ཅེས་པའི་འདུ་འགོད་ལག་བསྟར་བྱས་ནས། ཕྱོགས་གཅིག་ནས་མི་རིགས་ཁག་གི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་དང་།ཕྱོགས་གཞན་ཞིག་ནས་ཐན་ཉུང་དྲོད་ལེན་གྱིས་སྣོད་བཅུད་ཁོར་ཡུག་ལ་བཟོས་པའི་གནོན་ཤུགས་ཆུང་དུ་ནུས་ལྡན་གཏོང་ཐུབ་ཀྱི་ཡོད།ད་ལོ་ནས་བཟུང་ཀུང་སི་དེས་འདུ་འགོད་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་དམངས་ཕན་ལས་དོན་དེ་ཡག་པོ་སྒྲུབ་ཀྱི་ཡོད་པ་རེད།

        ས་བབ་མཐོ་ཚད་སྨི་3000ཡན་གྱི་གྲོང་འདབས་ཀྱི་འབྲེལ་མཚམས་སུ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་ཐབས་བྲལ་བའི་སུམ་རྩེན་གླིང་དགོན་གྱི་ཡུག་སྦྲེལ་ཁུལ་དང་།གནའ་གྲོང་གི་ལྟེ་བའི་ཁུལ།དེ་བཞིན་གྲོང་ཁུལ་གྱི་ཉེ་འཁོར་གྲོང་གསེབ་བཅས་ཀྱིས་མིག་སྔར་ལག་བསྟར་ཇུས་གཞི་མགྱོགས་མྱུར་ལེགས་སྒྲིག་བྱས་ནས་ལོ་འདིའི་ནང་དུད་ཚང་ཁག་བགོས་རྣམ་པའི་དྲོད་རླངས་མཁོ་འདོན་གྱི་ནུས་རྒྱུའི་བགྲོད་ལམ་འཛུགས་སྐྲུན་དང་སྒྲིག་ཆས་འོས་སྐུལ་འོས་དཔོད་ཀྱི་ལས་དོན་ལེགས་སྒྲུབ་བྱ་རྒྱུ་དང་། ཡང་ཐང་དང་།ཉི་ཤར། སྐེད་ཚག་བཅས་ཤང་གྲོང་གསུམ་ལ་དྲོད་རླངས་མཁོ་འདོན་གྱི་དུས་འགོའི་ལས་དོན་མགྱོགས་མྱུར་གྱིས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། འཇོལ་རྫོང་གིས་ལས་རིགས་གཅིག་པའི་གཙོ་གཉེར་སྡེ་ཚན་གྱི་མཐུན་སྦྱོར་སྙན་ཞུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་རྒྱུ་སྤྱོད་པའི་འགྲོ་ལུགས་ཆོག་མཆན་ཞུ་བའི་ལས་དོན་སྔ་ཙམ་ལེགས་སྒྲུབ་བྱས་ནས།དགོན་པ་སྟེང་དང་གཡག་རྭ་ཤང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་དང་ས་ཚིགས་རྣམ་པའི་དྲོད་རླངས་མཁོ་འདོན་གྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་།འབའ་ལུང་ཡུག་ཁུལ་གྱི་དྲོད་རླངས་མཁོ་འདོན་ས་ཚིགས་གཉིས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལས་འགོ་འཛུགས་པའི་གན་རྒྱ་བཞག་པ་མ་ཟད་ལས་འགོ་ཚུགས་པ་དང་། དུས་མཚུངས་སུ།གྲོང་གསེབ་ཀྱི་ས་ཚིགས་རྣམ་པའི་དྲོད་རླངས་མཁོ་འདོན་དང་དེ་བཞིན་ཤང་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ཆུང་གྲས་ཁག་གཅིག་གི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ནུས་རྒྱུ་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་དང་དེ་བཞིན་འགྲོ་ལུགས་གོང་ཞུ་བྱེད་པའི་ལས་དོན་གང་མགྱོགས་དོན་འཁྱོལ་བྱ་རྒྱུ།གསར་སྤེལ་ཆུས་ཡུག་ཁུག་གིས་རྣམ་གྲངས་ཀྱིས་དྲོད་རླངས་མཁོ་འདོན་ས་ཚིགས་ཀྱི་ས་ཆ་སྤྱོད་པའི་འགྲོ་ལུགས་གཉེར་མགྱོགས་སུ་བཏང་ནས་ས་སྐྲུན་གྱི་འོས་སྐུལ་འོས་དཔོད་ཀྱི་ལས་དོན་ཁག་གཅིག་གང་མགྱོགས་ལེགས་སྒྲུབ་བྱ་རྒྱུ་དང་ཆབས་ཅིག་ནུས་རྒྱུ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་གང་མགྱོགས་དོན་འཁྱོལ་བྱ་རྒྱུ་རེད།

        ཁང་པའི་ནང་གི་སྒྲིག་སྦྱོར་སྔར་བས་དམ་འཛིན་ཡག་པོ་བྱས་ནས་2021ལོའི་ལོ་མཇུག་ཏུ་སླེབས་སྐབས་དྲོད་རླངས་དེ་སེམས་ཀྱི་ཉི་ཟླ་ཁུལ་དུ་སྤྱིར་ན་ཁྱབ་པ་བྱ་རྒྱུ་རེད། བདེ་ཆེན་ཁུལ་གྱིས་2020ལོའི་དགུན་དུས་སུ་ས་ཁོངས་ཁག་གཅིག་ལ་དྲོད་རླངས་མཁོ་འདོན་ཐུབ་རྒྱུ་དང་འདའ་ལུང་དང་གསར་སྤེལ་ཆུས་ཡུག་ཁུལ་དུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།