རྒྱ་གར་གྱི་མཛེས་མར2021ལོའི་འཛམ་གླིང་མཛངས་མའི་མཚན་སྙན་ཐོབ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-16   རྩོམ་ཁུངས།    བོད་སྐད་འཕྲིན་གྱི་ཕོ་ཉ།

2021ལོའི་འཛམ་གླིང་མཛངས་མའི་མཐའ་འཇུག་གི་འགྲན་སྡུར་ཆེན་མོ་དེ་སྤྱི་ཟླ་12བའི་ཚེས་13ཉིན་དབྱི་སི་རལ་ལྷོ་རྒྱུད་གྲོང་ཁྱེར་ཨེ་ལ་ཐེ་རུ་འཚོགས་ཡོད་ཅིང་།  ལོ་21ཅན་གྱི་རྒྱ་གར་འཁྲབ་སྟོན་པ་དང་གོས་རྒྱན་ངོམ་སྟོན་པ་ཧར་ན་ཚི·སང་ཏུའུ་ལགས་བུ་མོ་79ཡི་ཁྲོད་ནས་གཟེངས་སུ་ཐོན་ཏེ་2021ལོའི་འཛམ་གླིང་མཛངས་མ་ཨང་དང་པོའི་མཚན་སྙན་ཐོབ་ཡོད།

    ཁོང་མོས་སྒེར་གྱི་སྤྱི་འབྲེལ་དྲ་བའི་ཐོག ཨ་མ་ནི་ངའི་ཕུགས་བསམ་ཡོད་ཚད་ཀྱི་སྒོ་མོ་ཕྱེ་མཁན་དང་ཕུགས་བསམ་མངོན་དུ་འགྱུར་བའི་སྒུལ་ཤུགས་གཙོ་བོ་ཡིན་ཞེས་བརྗོད་ཡོད་ལ། ཁོང་མོའི་ཨ་མ་ནི་ཕོ་དབང་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཞིག་སྟེ། དབང་ཆ་ཡོད་ཚད་ཕལ་ཆེར་སྐྱེས་པ་ཕོའི་བཟུང་བའི་རྒྱ་གར་གྱི་སྐབས་དེའི་སྤྱི་ཚོགས་ནང་བུད་མེད་ཀྱི་དབང་ཆ་བརྩོན་ལེན་བྱེད་མཁན་ཞིག་ཡིན།