གཟེར་འཇོམས་སྨན་རྒྱུན་དུ་འཐུང་ན་སྨན་སྲེད་འབྱུང་ངམ།གཟེར་འཇོམས་སྨན་རྒྱུན་དུ་འཐུང་ན་སྨན་སྲེད་འབྱུང་ངམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-13   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

 དྲ་ཐོག་ཏུ་བཤད་པ་ལྟར་ན། “གཟེར་འཇོམས་སྨན་རྒྱུན་དུ་འཐུང་ན་སྨན་སྲེད་ལངས”ཟེར། དོན་དངོས་སུ་དེ་འདྲ་ཞིག་ཡིན་ནམ།
        གཟེར་འཇོམས་སྨན་ལ་རིགས་གཉིས་ཡོད་དེ། གཅིག་གིས་ལྟེ་བའི་དབང་རྩ་མ་ལག་ལ་ནུས་པ་ཐོན་པས། དེ་ལ་སྨན་སྲེད་སློང་བའི་རང་བཞིན་ངེས་ཅན་ཞིག་ལྡན་པ་དང་། གཅིག་གིས་ཕྱི་སྐོར་མ་ལག་ལ་ནུས་པ་ཐོན་པས། སྨན་སྲེད་སློང་བའི་ནུས་པ་མི་ལྡན་པ་རེད། །ལྟེ་བའི་དབང་རྩ་མ་ལག་ལ་ནུས་པ་ཐོན་པའི་གཟེར་འཇོམས་སྨན་ཡིན་ནའང་། སྨན་པའི་ངག་ལྟར་ལུགས་མཐུན་སྒོས་འཐུང་ན་སྨན་སྲེད་ལངས་པར་མི་འགྱུར་ལ། འབྲས་ནད་ལྗིད་མོའི་རིགས་ཀྱི་ནད་པ་ལ་མཚོན་ནའང་གཟེར་འཇོམས་སྨན་འཐུང་སྐབས་ཚད་ལྡན་གསོ་བཅོས་ཀྱི་བྱེད་ཐབས་ལྟར་གྲངས་འབོར་ལ་ཚོད་བཟུང་ན་སྨན་སྲེད་སློང་བར་མི་འགྱུར་རོ། །
        ང་ཚོས་རྒྱུན་པར་འཐུང་བཞིན་པའི་གཟེར་འཇོམས་སྨན་ལ་ཞེན་ཆགས་རང་བཞིན་ངེས་ཅན་ཞིག་ཡོད་པ་བདེན་མོད། འོན་ཀྱང་ཞེན་ཆགས་དེ་ནི་ལུས་པོའི་སྟེང་གི་ཞེན་ཆགས་ཡིན་པས། ང་ཚོས་སེམས་ཁུར་བྱེད་ཀྱིན་པའི་སྨན་ལ་སྲེད་ཚུལ་དང་མི་འདྲ་བ་རེད། ལུས་པོའི་སྟེང་གི་ཞེན་ཆགས་ཞེས་པ་ནི་གློ་བུར་དུ་སྨན་འཐུང་མཚམས་བཞག་རྗེས། ལུས་པོར་མི་བདེ་བའི་ཚོར་སྣང་འབྱུང་བ་ལ་ཟེར་ཞིང་།སྨན་སྲེད་ལངས་པ་ཞེས་པ་ནི་བསམ་བློའི་སྟེང་གི་ཞེན་ཆགས་ལ་གོ །
        དེའི་རྐྱེན་གྱིས་གཟེར་འཇོམས་སྨན་གང་ཞིག་ཡིན་རུང་། རང་གིས་ཉོས་ཏེ་དུས་ཡུན་རིང་པོར་གང་འདོད་དུ་སྤྱོད་པར་མི་འཚམ། ཟུག་གཟེར་ལངས་པའི་སྐབས་སུ། སྨན་པའི་ངག་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱོད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །