ཕྱི་གླིང་བ་ཞིག་གིས་སེམས་ཀྱི་ཉི་ཟླའི་འགྱུར་ལྡོག་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-13   རྩོམ་ཁུངས།    བདེ་ཆེན་ཁུལ་བརྙན་འཕྲིན་ཁང་།

      2009ལོར་ཨ་རི་བ་Nathnདང་ནང་མི་ཐེངས་དང་པོ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཡོང་ཞིང་རིམ་བཞིན་ཡུལ་འདི་དང་བརྩེ་བ་ཟབ་མོ་ཆགས།   ནང་མི་ཚང་མ་ཡུལ་འདི་གར་གཞིས་ཆགས་པ་ནས་སེམས་ཀྱི་ཉི་ཟླ་ནི་ཁོང་ཚོའི་ཕ་ཡུལ་གཉིས་པར་གྱུར་ཡོད།     ཡུལ་ལུང་འདིའི་གོམས་སྲོལ་དང་བསྟུན་ནས་Nathnགྱིས་རང་གི་བོད་མིང་ལ་བློ་བཟང་ཚེ་རིང་དང་རྒྱ་མིང་ལ་ཝུན་ལེ་ཧྥེང་ཞེས་བཏགས་པ་རེད།          

        དང་ཐོག་Nathnདང་ནང་མི་ཚང་མས་སེམས་ཀྱི་ཉི་ཟླའི་རྡོ་མཁར་གནའ་གྲོང་ནས་འཚོ་བ་རོལ།   སེམས་ཀྱི་ཉི་ཟླའི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་སོང་བ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཟམ་མི་ཆད་པར་སོང་བ་དང་བསྟུན་ནས་Nathnཡིས་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་ཉེ་འཁོར་གྲོང་ཚོར་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པ་ཤེས་རྟོགས་བྱུང་ནས་སྔགས་འཕེལ་གྲོང་ཚོར་གནས་སྤོས་ཤིང་།    གྲོང་ཚོ་དེ་ནས་ཟ་འཐུང་དང་འགྲོ་འདུག  ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་མགྲོན་ཁང་ཞིག་ཕྱེས་ཤིང་།   ས་དེའི་བོད་རིགས་མང་ཚོགས་ལ་མཛའ་བརྩེའི་འབྲེལ་བ་ཆགས། 



     ལོ་འདི་གའི་རིང་སེམས་ཀྱི་ཉི་ཟླ་ནས་འཚོ་བ་སྐྱེལ་བའི་མྱོང་ཚོར་སྐོར་གླེང་སྐབས།    Nathannགྱིས་བཤད་ན་ཁོང་ཚོའི་ཁྱིམ་གྱི་འཚོ་བའི་འགྱུར་ལྡོག་ལས་སེམས་ཀྱི་ཉི་ཟླའི་འཕེལ་རྒྱས་ཀྱང་མངོན་པར་ཤེས་ཐུབ།   འགྲིམ་འགྲུལ་ཆ་རྐྱེན་དང་ཡང་ན་རྨང་གཞིའི་སྒྲིག་བཀོད་སོགས་ཕྱོགས་མང་པོའི་ཐད་ནས་ཁོང་ཚོའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།   འབྱུང་འགྱུར་གྱི་སེམས་ཀྱི་ཉི་ཟླར་འགྱུར་ལྡོག་སྔར་ལས་ཆེ་བའི་ཡིད་ཆེས་ཟབ་མོ་ཡོད་པ་དང་།   འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་མདུན་ལྗོངས་ལ་རེ་ལྟོས་ཆེན་པོ་བཅངས་ཡོད་ཟེར།  

     Nathnགྱིས་བཤད་ན།   ཕྱི་གླིང་བ་ཞིག་ཡིན་པའི་ངོས་ཐད་ནས་སྤྱི་གཉེར་ཁང་འཛུགས་དུས་ཀྱི་འགྲོ་འོང་དོ་དམ་དང་དཔྱ་ཁྲལ་སོགས་ཀྱང་ཡུལ་དུས་དང་བསྟུན་དགོས་ཤིང་།  བདེ་ཆེན་གྱི་སྲིད་དོན་ཞབས་ཞུའི་སྐར་ཁུང་རྒྱུན་ཆད་མེད་པར་སྟབས་བདེ་དང་ཇེ་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ལས་དོན་མི་སྣའི་སྙིང་ཉེ་བའི་ཞབས་ཞུ་དང་ལྷག་པར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་ཚུན་ཁོང་གིས་ལས་བྱེད་མི་སྣའི་བརྩེ་སེམས་ལྡན་པའི་ཞབས་ཞུ་མྱོང་ཚོར་ཐུབ་པ་དང་།  ཁོ་ཚོས་ཕྱོགས་མང་པོ་ཞིག་ནས་སེམས་ཁུར་དང་རྒྱབ་སྐྱོར་བྱས་བྱུང་།    ཁོང་དང་ནང་མི་ཚོས་སེམས་ཀྱི་ཉི་ཟླ་ནས་རིམས་འགོག་སྨན་ཁབ་ཀྱང་བརྒྱབ་ཡོད་པས་ནང་མིའི་བདེ་ཐང་ལ་འགན་ལེན་བྱས་ཡོད་པ་མ་ཟད།  ཁོང་ཚོས་སེམས་གཏིང་ནས་ཀྲུང་གོ་སྲིད་གཞུང་གི་དྲོ་སྐྱིད་ཀྱང་མྱོང་ཚོར་ཐུབ་ཡོད་ཟེར།