བདེ་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་ཤས་རིང་།  བདེ་ཆེན་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་དུས་རབས་གསར་པའི་བདེ་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་རི་མོ་གསར་པ་ནུས་ཤུགས་ཡོད་རྒུས་འཆར་འགོད་ཡག་པོ་བྱས་པ་རེད།

图片

        སྐྱེ་ཁམས་བཅོས་སྐྱོང་ལ་དམ་འཛིན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།  “བྱ་སྤྱོད་ཆེན་པོ་བཞི”ཡག་པོ་སྤེལ་བ།  ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་གྱི་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཆེ་རུ་བཏང་ཡོད།

        སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་བྱས་ནས“ཆུ་དཔོན་ལམ་ལུགས”ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆུ་བོ་དོ་དམ་ཁྱབ་ཁོངས་ནང་གང་བྱུང་དུ་བཟུང་བ་དང་།  གང་བྱུང་དུ་སྔོག་པ།  གང་བྱུང་དུ་སྤུང་བ་བཅས་ཀྱི་གནད་དོན་གཙང་བཤེར་བཅོས་སྒྲིག་བྱས་ཡོད།   གཙང་པོ་དང་མཚེའུ་ཡི་ཆུ་དང་འགྲམ་རྒྱུད་ཀྱི་བར་སྟོང་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།  ཆུ་ལམ་གྱི་གཞོགས་གཉིས་སྔོ་འགྱུར་ཡག་པོ་ཡོང་བར་བྱས་ནས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། 

图片

        སྐྱེ་ཁམས་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་སྐྱེ་ཁམས་དམངས་ཕན་རྣམ་གྲངས་ལ་སྐུལ་འདེད་བཏང་ཡོད། 2016ལོ་ནས་བཟུང་དྲོད་རླངས་མཁོ་འདོན་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད།