སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གཏོད་པའི་ལས་དོན་བཀོད་སྒྲིག་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         ཟླ་12པའི་ཚེས་3ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་སྐབས་བཅུ་གཅིག་པའི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ཁུལ་ཨུའི་རྒྱུན་ཨུ། སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཧྲུའུ་ཅི་དབྱང་ཙི་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

        གཉིས་བཀུར་ལས་དོན་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དུས་རབས་གསར་པའི་བརྟན་ལྷིང་འཕེལ་རྒྱས་ཀྱི་འགན་ལེན་གལ་ཆེན་ཞིག་དང་། གྲོང་ཁྱེར་འདི་ཉིད་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པ་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་སྐྲུན་པའི་གྲུབ་ཆ་གལ་ཆེན་ཞིག་བཅས་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གཉིས་བཀུར་ལས་དོན་ལ་རྒྱུན་མཐུད་ངང་ཤུགས་སྣོན་ཐེབས་པ་དང་འཕེལ་རྒྱས་ཕྱིན་ནས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ཡོད། ཞིང་ཆེན་རིམ་པའི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)ཐེངས་བརྒྱད་བསྟུད་མར་བཙུགས་པ་དང་སྐབས་གསུམ་བསྟུད་མར་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 

        ཚོགས་འདུའི་ཐོག་རིམ་པ་ཁག་གི་སྡེ་ཚན་ཁག་དང་། ཤང་དང་གྲོང་རྡལ་ཁག་ཏུ་བཅའ་སྡོད་བྱས་པའི་དཔུང་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་དམག་ཞབས་ཐིམས་པ་དང་།ལས་སྒྱུར་དམག་མི།སྔོན་གཤེགས་དཔའ་བོའི་ནང་མི་བཅས་ཀྱི་དཀའ་ངལ་ཁྱོན་ཡོངས་ནས་ཐག་གཅོད་ཡག་པོ་བྱས་ཏེ། དུས་རབས་གསར་པའི་དམག་སྲིད་དང་དམག་དམངས་དབར་གྱི་འབྲེལ་བ་བརྟན་དུ་བཏང་ནས་རེས་སྐོར་གསར་པའི་གཉིས་བཀུར་གཏོད་པའི་ལས་དོན་ལ་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་པ་དང་། བསམ་བློ་གཅིག་གྱུར་དང་། གསར་འཛུགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཇེ་ཆེར་ཏན་ཏིག་གཏོང་བ། དམག་ཞབས་ཐིམས་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གྱི་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་དམག་སྲིད་དང་དམག་དམངས་ཀྱི་གོང་བུ་འགྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་དཔུང་སྡེའི་འཐབ་ནུས་ཆེ་རུ་བཏང་སྟེ་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས།  འགག་རྩའི་ཤང་དང་གྲོང་རྡལ་ཁག་དང་།    སྡེ་ཚན་ཁག  སེམས་ཀྱི་ཉི་ཟླར་བཅའ་སྡོད་བྱས་པའི་དཔུང་སྡེ་བཅས་ལ་དམ་འཛིན་བྱས་ནས།  རྩ་འཛུགས་ཀྱི་འགོ་ཁྲིད་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་གཉིས་བཀུར་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་པ་དང་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས་གཉིས་བཀུར་ལས་དོན་ཀུན་གྱིས་ཤེས་པ་བྱེད་དགོས། གཉིས་བཀུར་ལས་དོན་གྱི་ཆབ་སྲིད་ལེགས་ཆ་དང་།             རྩ་འཛུགས་ཀྱི་ལེགས་ཆ།ཐོན་ཁུངས་ཀྱི་ལེགས་ཆ།གཞི་རྟེན་གྱི་ལེགས་ཆ།ལམ་སྲོལ་གྱི་ལེགས་ཆ་བཅས་གང་ལེགས་སྤྱད་དེ་དམག་དམངས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ།  དམག་དཔུང་དང་ས་གནས་ཀྱིས་དཔེ་བཟང་གྲོང་ཁྱེར་སྐབས་གཅིག་གཏོད་པར་རྨང་གཞི་བརྟན་པོ་འདིང་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་བསྟན་པ་རེད།