བདེ་ཆེན་རིག་གནས་ཡུལ་སྐོར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་12པའི་ཚེས་4ཉིན། བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་མ་ལག་གི་ལས་རིགས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཚོགས་འདུ་འཚོགས་པ་དང་།   ཚོགས་འདུའི་ཐོག་བསྟན་དོན།  ཁུལ་ཡོངས་རིག་གནས་ཡུལ་སྐོར་མ་ལག་གིས་བསམ་བློ་དང་བྱ་་སྤྱོད་གཉིས་ཀ་ཧྲུའུ་ཅི་ཝང་ཉིང་གིས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག་བསྟན་པའི་ལས་ཀའི་བླང་བྱ་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་འགྱུར་བྱེད་དགོས་པ་དང་།  དངོས་གནས་ཀྱིས་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་ཀ་དམ་འཛིན་བྱས་ནས་གྲུབ་འབྲས་གསར་པ་ཐོན་དུ་བཅུག་དགོས་ལ།  ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཆ་རྐྱེན་ཡག་པོ་སྐྲུན་པར་འབད་དགོས།

        དེང་ཕྱིན།  བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་མ་ལག་གིས་ལས་རིགས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་ཀ་ཡག་པོ་སྒྲུབ་རྒྱུ་ཡིན་ཏེ།  གཅིག་ནི་སྔར་ལས་ལྷག་པར་བསམ་བློ་གཅིག་འགྱུར་བྱེད་དེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཐབ་ཇུས་ཀྱི་ངེས་གནས་ཁ་གསལ་བཟོ་དགོས།  ཁུལ་ཡོངས་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱིས་ངོས་འཛིན་གཏིང་ཟབ་གཏོང་བ་དང་བསམ་བློ་གཅིག་འགྱུར་གཏོང་དགོས་ཏེ་སྔར་ལས་ལྷག་པར་རིག་གནས་ཡུལ་སྐོར་ཐོན་ལས་དེ་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འཐབ་ཇུས་ཀྱི་ངེས་གནས་ཤེས་རྟོགས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་རང་ཁུལ་གྱི་ཀ་རྟེན་ཐོན་ལས་སུ་བཞེངས་སྐྲུན་བྱེད་དགོས།  གཉིས་ནས་སྔར་ལས་ལྷག་པར་གཙོ་གནད་འབུར་ཐོན་བྱེད་དེ་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་པ་དང་།  རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་མགྱོགས་མྱུར་གཏོང་དགོས་པ་ངེས་པར་དུ་གཅིག་འགྱུར་འཆར་འགོད་དང་གཙོ་གནད་འབུར་ཐོན་བྱེད་དགོས།  རང་ཁུལ་གྱི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་འཛུགས་སྐྲུན།  དེ་བཞིན་མཛེས་སྡུག་གི་རང་བྱུང་ཁོར་ཡུག་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་སོགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་གཏོང་བར་འབད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ཞིང་ལས་ལྟ་སྐོར་ཡུལ་སྐོར་དང་ལོ་རྒྱུས་རིག་གནས་ཡུལ་སྐོར་སོགས་ལ་འཕེལ་རྒྱས་གཏོང་དགོས།  གསུམ་ནས་སྔར་ལས་ལྷག་པར་བདག་པོའི་འདུ་ཤེས་ཇེ་ཆེར་གཏོང་དགོས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་ཆེད་སྲ་བརྟན་གྱི་འགན་ལེན་མཁོ་འདོན་བྱེད་དགོས།  

        རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་འགན་འཁྲི་ལྕི་བ་དང་ལས་འགན་དཀའ་ཚེགས་ཆེ་བ།  རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་ངེས་པར་དུ་སེམས་ཤུགས་གཅིག་སྒྲིལ་དང་མཉམ་འཛིན་སྤྱི་སྒྲུབ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་དུ་གཏོང་ཆེད་སྲ་བརྟན་གྱི་འགན་ལེན་མཁོ་འདོན་བྱེད་དགོས་པ་དང་།  རིག་གནས་ཡུལ་སྐོར་ཐོན་ལས་དེ་རང་ཉིད་ཀྱི་བྱ་གཞག་ཏུ་བྱེད་དེ་ལུས་སེམས་གཉིས་ཀ་ཞུགས་དགོས་ལ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལས་ཀ་དེ་རང་ཉིད་ཀྱི་བྱ་བར་བྱེད་དེ་བློ་སེམས་བཀོལ་ནས་ཡག་པོ་སྒྲུབ་དགོས།